《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月21日

དམག་མིའི་སེམས་པ་ཏང་ལ་ཕྱོགས།

གཞིས་རྩེ་ཡན་ལག་དམག་ཁུལ་ཁང་མཐའ་སྲུང་ཐོན་ཤོག་ཅིག་གི་དཔོན་དམག་ཚོས་དམག་མི་རྒན་གྲས་དམག་སྒར་དུ་གསར་བརྗེའི་སྙིང་སྟོབས་སྒྲོག་འགྲེལ་བྱེད་པར་གདན་དྲངས་པ།

འདི་ནི་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་མཐའ་སྲུང་ཐོན་ཤོག་ཅིག་གི་དཔོན་དམག་ཚོས་སྐོར་གཡེང་ས་ཚིགས་སུ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱེད་བཞིན་པ།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གིས་དཔུང་སྡེའི་དོན་དངོས་ལ་གཞི་ཚུགས་ཏེ། སློབ་གསོའི་ཐོན་ཁུངས་ཐད་ཀར་སྐྱེལ་བ་དང་། ཏང་གི་ལོ་རྒྱུས་སློབ་ཚན་རྒྱ་ཁྱབ་ཁྲིད་པ། ཏང་གི་ལོ་རྒྱུས་བྱེད་སྒོ་ལེགས་འདེམས་སོགས་ཀྱི་བྱེད་ཐབས་སྣ་མང་ལ་བརྟེན་ནས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཤེས་བྱ་འགྲན་བསྡུར་དང་། གསར་བརྗེའི་གཏམ་རྒྱུད་ཐེངས་བརྒྱ་ཤོད་པ། གསར་བརྗེའི་གླུ་གཞས་ཐེངས་བརྒྱ་ལེན་པ། གསར་བརྗེའི་གློག་བརྙན་ཐེངས་བརྒྱ་ལྟ་བ། ཏང་གི་ལོ་རྒྱུས་གཏམ་རྒྱུད་བརྒྱ་སྦྱོང་བ། ཏང་འཛུགས་སྐྱོང་གི་བརྩམས་ཆོས་བརྒྱ་གཏོད་པ། ཕྱག་རྟགས་འབུལ་བའི་པར་བརྒྱ་ལེན་པ་བཅས་ཀྱི“བརྒྱ་བདུན”གྱི་བྱེད་སྒོ་གསར་གཏོད་ངང་སྤེལ་ཏེ། དཔུང་སྡེས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཚ་རླབས་རྒྱུན་མཐུད་འཕྱུར་བ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཞི་རིམ་དང་དམག་གི་སེམས་སུ་ཟུག་པར་བྱས་ཡོད།