《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月21日

ཝུའུ་དབྱིང་ཅེས་ལྷ་སར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་བ།

ཟླ་6ཚེས་18ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་བ་རེད། འདི་ནི་ཝུའུ་དབྱིང་ཅེས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི“ཞང་ཞུང་མེ་ཏོག”སྐྱེ་ཁམས་ཡུལ་སྐོར་རིག་གནས་ཐོན་ལས་གླིང་དུ་གནས་སྤོས་མང་ཚོཌ་ལ་ཐོན་ལས་མཉམ་འདྲེས་དང་འབབ་འཕར་ཕྱུག་འགྱུར་སྐོར་བཀའ་འདྲི་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཚེས་18ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་བ་མ་ཟད། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་། དབུལ་སྐྱོར་ཐོན་ལས་གོང་འཕེལ། གྲོང་གསེབ་བཅོས་སྐྱོང་། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ཞིབ་ཕྲའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཡང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བཅས་ལྷན་དུ་ཕེབས་པ་རེད།

ཝུའུ་དབྱིང་ཅེ་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྲམ་གྲོང་ཚོའི་ཞིང་ལས་སྒྲིག་བཀོད་གླིང་དུ་ཕེབས་ནས་ཟླ་ཆུང་དང་པ་སངས་སྒྲོལ་དཀར་སོགས་ས་གནས་དེ་གའི་ལས་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཐོན་སྐྱེད་དང་། ཕྱིར་ཚོང་། འབབ་འཕར་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཝུའུ་དབྱིང་ཅེས་གུང་ཁྲན་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་སེར་ལ་ཕན་བདེ་སྐྲུན་མཁན་ཞིག་ཡིན་པ་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ནི་རང་རེའི་ཏང་གི་འབད་འཐབ་ཀྱི་དམིགས་ཚད་ཡིན། ཁྱེད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ཏང་གི་སྲིད་ཇུས་བཟང་པོ་ཡག་པོ་སྤྱོད་པ། སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། མི་དེ་བས་མང་བས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་ཤུགས་རྐྱེན་ཐེབས་པ། སེམས་ནུས་དེ་བས་མང་བ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་བའི་ཐད་འཇོག་པ་བཅས་བྱས་ནས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེ་མཚོ་སྨད་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་ལྷ་མོའི་རིག་རྩལ་རུ་ཁག་གི་ནང་སྦྱོང་ལ་གཟིགས་པར་ཕེབས་ཤིང་། དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ་དམངས་ལ་ཞབས་འདེགས་ཞུ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཆོས་སྒྲོན་གྱི་ཁྱིམ་དུ་ཕེབས་ནས་གྲོང་མིའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་གཏམ་རྒྱུད་གསན་པ་རེད། ཁོང་གིས་ས་གནས་དེ་གའི་ཏང་ཨུད་དང་། སྲིད་གཞུང་། གཞི་རིམ་གྱི་ལས་བྱེད་པ་བཅས་ལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱ་ཆེའི་གཞི་རིམ་གྱི་རིག་རྩལ་ལས་དོན་པར་འཁྲབ་སྟངས་དང་ནང་དོན་གསར་གཏོད་བྱེད་རོགས་བྱེད་པ་དང་། “ཤེལ་དམ་རྙིང་པར་ཨ་རག་གསར་པ་བླུག་པའི”རྣམ་པའི་ཐོག་ནས་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་སྦྱིན་པ། རིམ་བཞིན་ཤུགས་རྐྱེན་ཐེབས་པའི་རྣམ་པའི་ཐོག་ནས་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ལ་བསྟོད་གླུ་ཕུལ་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཝུའུ་དབྱིང་ཅེས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོར“ཞང་ཞུང་མེ་ཏོག”སྐྱེ་ཁམས་ཡུལ་སྐོར་རིག་གནས་ཐོན་ལས་གླིང་འཛུགས་སྐྲུན་དང་གཉེར་སྐྱོང་གནས་ཚུལ་ལ་གཟིགས་སྐོར་གནང་བ་མ་ཟད། གནས་སྤོས་མང་ཚོགས་སྐར་མ་མེ་ཏོག་དང་། བཀྲ་ཤིས་སྒྲོལ་མ། དྲི་མེད་ཆོས་མཚོ་སོགས་ལ་ཐོན་ལས་མཉམ་འདྲེས་དང་འབབ་འཕར་ཕྱུག་འགྱུར་གྱི་སྐོར་དྲིས་གནང་བ་རེད། ཁོང་གིས་མང་ཚོགས་ལ་འབབ་འཕར་དང་ཁེ་ལས་ལ་ཁེ་སྤོགས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཞིབ་ཕྲའི་སྤུས་ཚད་ཐད་དེ་བས་འབད་བརྩོན་བྱས་ཏེ། ཡུལ་སྐོར་རིག་གནས་ཐོན་རྫས་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཁོར་ཡུག་ལེགས་སུ་གཏོང་བ། ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་ཞུ་ཧུར་ཐག་སྒྲུབ་པ། སྤུས་རྟགས་ཏན་ཏིག་གཏོད་པ་བཅས་བྱས་ནས། མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་དེ་བས་མང་བ་སྐྲུན་དགོས་པ་དང་། གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཏན་ཏིག་ངང་བསྒྲུབས་ནས་དུད་ཚང་དབུལ་པོ་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། རིམ་བཞིན་ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱེད་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་རོགས་རེས་དང་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་འཆམ་པོ་དང་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་མཐུན་པོ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

བརྟག་ཞིབ་གནང་རིང་ཝུའུ་དབྱིང་ཅེས་བསྟན་གནང་དོན། སྤྱི་ཁྱབ་ཧྲུའུ་ཅིས་དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པ་ནི་མཇུག་འགྲིལ་བ་ཞིག་མིན་པར། འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་ཚུགས་པ་མཚོན་གྱི་ཡོད་ཅེས་ནན་བཤད་ཐེངས་མང་གནང་མྱོང་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་ཞིབ་ཕྲའི་ལས་དོན་ཁྲོད་སྔར་བས་འབད་བརྩོན་དང་སྔར་བས་ཤུགས་བརྒྱབ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་དགོས། གཅིག་ནས་སྙིང་སྟོབས་ཆེར་སྐྱེད་བྱེད་དགོས་ཤིང་། དབུལ་སྒྲོལ་འགག་སྒྲོལ་རིང་བསགས་པའི་ཉམས་མྱོང་ཡག་པོ་དང་བྱེད་སྟངས་ཡག་པོ་ཕྱོགས་སྡོམ་དང་རྒྱུན་འཛིན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”“ལམ་གཉིས་ཀྱི”སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་མུ་མཐུད་དར་སྤེལ་ཡག་པོ་བཏང་ནས་ལྷོད་གཡེང་དང་སྣང་མེད་ཀྱི་བསམ་བློ་དང་དམག་འཐབ་ལ་སུན་སྣང་སྐྱེ་བའི་རྣམ་འགྱུར་ཁྱད་བསད་བྱེད་པ་དང་། ལས་ཀའི་རྒྱུན་མཐུད་རང་བཞིན་མཐའ་འཁྱོངས་བྱེད་པ། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དབུལ་སྒྲོལ་ཐོན་ལས་རྣམ་གྲངས་ལེགས་སུ་དང་སྟོབས་ཆེར་གཏོང་བ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཏན་ཏིག་ཡག་པོ་སྒྲུབ་པ་དང་ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་གཏིང་ཟབ་བཟོ་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བཅས་བྱས་ཏེ་གཞི་ཁྱོན་ཆེ་བའི་དབུལ་པོ་བསྐྱར་ལོག་མི་བྱེད་པའི་མཐའ་ཚད་བརྟན་པོར་བསྲུངས་ནས་དབུལ་སྒྲོལ་ཐུབ་པའི་མང་ཚོགས་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱེད་དགོས། གཉིས་ནས་བླང་བྱའི་ཁ་ཕྱོགས་གནད་སྨིན་གྱིས་མི་འཛོལ་བ་མཐའ་འཁྱོངས་བྱས་ཏེ་བརྟག་ཞིབ་གཏིང་ཟབ་དང་བསམ་ཕྱོགས་གསལ་ཏུ་བཏང་ནས་འབྲེལ་ཡོད་ཐོན་ལས་ལ་ཕྱོགས་ཡོངས་ནས་གསེལ་དཀྲོལ་ཐེངས་གཅིག་བྱེད་དགོས་པ་དང་། མཉམ་ལས་ཁང་མི་འདྲ་བ་དང་ཁེ་ལས་ཀྱི་ངོ་བོ་མི་འདྲ་བར་གཞིགས་ནས་དམིགས་སའི་རང་བཞིན་གྱིས་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཏེ་སྟོབས་ཆེར་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱེད་དགོས། གསུམ་ནས་ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ་དང་བསམ་བློའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཤུགས་སྣོན་རྒྱུན་མཐུད་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་མཐུད་དར་སྤེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་དྲིལ་བསྒྲགས་ཤུགས་ཆེན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ཁྱད་འཕགས་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འབུངས་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་རྒྱུར་ཁྲིད་སྟོན་བྱེད་དགོས། བཞི་ནས་ཤེས་ལྡན་པ་བཀོལ་སྤྱོད་ཡག་པོ་བྱས་ཏེ་མི་དང་ལས་གནས་འཚམ་པ་བྱས་ནས་རིགས་ཁག་གི་ཤེས་ལྡན་པ་ཚོས་རང་ཉིད་ཀྱི་ལས་གནས་ཐོག་རང་འགན་གཙང་སྒྲུབ་ཀྱིས་ནུས་པ་འདོན་ཐུབ་པ་བྱེད་དགོས། ལྔ་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་བྱེད་ཐབས་དང་བྱེད་སྟངས་གསར་གཏོད་བྱེད་དགོས་པ་དང་། སློབ་སྦྱོང་དང་སྤེལ་རེས་སོགས་ཀྱི་རྣམ་པ་བརྒྱུད་ས་ཁུལ་དང་གྲོང་ཁྱེར་དང་། རྫོང་དང་ཆུས་ཁག་གིས་ཕན་ཚུན་ཞན་ཆ་གསབ་རེས་ཀྱིས་འབྲེལ་ཡོད་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུར་ལྟ་སྐུལ་བྱེད་དགོས། དྲུག་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་རྨང་གཞིའི་ལས་དོན་སྔར་བས་བརྟན་དུ་གཏོང་བ་དང་ལས་བྱེད་པའི་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་བཏང་ནས་ཕྱོགས་ཡོངས་ནས་ལས་དོན་ཡག་པོ་སྒྲུབ་པར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།

(ཚེ་སྒྲོལ་དང་དབང་སྒྲོལ་གྱིས་སྒྱུར་ཞུས་བྱས)