《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月19日

དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་17ཉིན་གནས་ཚུལ་འབྱོར་གསལ། ཚེས་16དང་17ཉིན། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་བདེ་བླག་ངང་གཉེར་ཞིང་། གཅིག་སྡུད་སློབ་སྦྱོང་དང་། ས་གནས་ས་ཐོག་ཏུ་ཉམས་ལེན་སློབ་ཁྲིད། ཆེད་དོན་བགྲོ་གླེང་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་པུའུ་ལས་ཁུངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བ་རེད།

ཚེས་16ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་པུའུ་དོན་ཚོགས་འདུའི(རྒྱ་ཆེ)ཆེད་དོན་སློབ་སྦྱོང་གི་དཔེ་ཀློག་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤེལ་གནང་བའི་རྩོམ་ཡིག་གལ་ཆེན་དང་བདེན་འཚོལ་དྲ་བའི་འབྲེལ་ཡོད་དཔྱད་གཏམ་པའི་རྩོམ་ཡིག་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

དབང་ཧའེ་ཀྲོའུ་ཡིས། ད་ཐེངས་ཀྱི་དཔེ་ཀློག་འཛིན་གྲྭའི་བྱེད་སྒོ་ལས་ཚང་མར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་མྱོང་ཚོར་ཟབ་མོ་བྱུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཚེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གཞི་ནས་བདེ་སྐྱིད་ལྡན་པའི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་པ་གཏིང་ཟབ་ཚོར་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཏང་གི་དྲིལ་བསྒྲགས་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རྒྱུ་དེ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ལ་བརྩིས་ནས། ཏང་གི་ལོ་རྒྱུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ཏང་གི་ལོ་རྒྱུས་ཁྲོད་ནས་བསམ་བློའི་ཐོན་ཁུངས་དང་། ལག་ལེན་གྱི་བློ་གྲོས། བསམ་པའི་སྟོབས་ཤུགས་བཅས་བསྡུ་ལེན་བྱེད་དགོས། དྲིལ་བསྒྲགས་ལས་ཀའི་ལམ་སྲོལ་གསར་གཏོད་ལོའི་ལས་འགན་དང་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་མདུན་གྲལ་དུ་སྐྱོད་པ་དང་མིག་དཔེ་འདོན་ཐུབ་པའི་བརྩོན་ལེན་བྱས་ནས། དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།