《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月19日

ལེ་དབར་སྟོང་དུ་རླངས་འཁོར་བཏང་། མཁོ་སྤྲོད་འགན་ལེན་ལེགས་པར་བྱས།

ཉིན་ཤས་གོང་། བོད་དམག་ཁུལ་ཁང་གི་ཐོན་ཞིག་གི་སྐྱེལ་འདྲེན་ཡན་ལག་རུ་ཁག་སླར་ཡང་མཐའ་སྲུང་གི་འཐབ་ས་དང་པོར་བསྐྱོད་དེ་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་དངོས་ཟོག་བདེ་བླག་ངང་མཐའ་སྲུང་ཁུལ་དུ་བསྐྱལ་བ་རེད།

གངས་ལྗོངས་ཀྱི་སྐྱེལ་འདྲེན་ལམ་ནི་རྟག་ཏུ་གངས་རི་དང་རི་མཐོ་གཡང་གཟར་མང་པོ་བརྒལ་དགོས་ཤིང་། དྲོད་ཚད་ཧྲེ་ཧྲི་ཏུའུ་25ནས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20བར་དང་ས་བབ་མཐོ་ཚད་སྨི་1000ལྷག་ཙམ་ནས་སྨི་5000ལྷག་ཙམ་བར་ཟིན་ནས། སྐྱེལ་འདྲེན་དམག་མིའི་མཁོ་སྤྲོད་འགན་ལེན་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད།

↑ འདི་ནི་དམག་མིའི་རླངས་འཁོར་མདུན་དུ་སྐྱོད་བཞིན་ཡོད་པ།

→ འདི་ནི་དཔོན་དམག་ཚོས་རླངས་འཁོར་གྱི་གློག་གསོག་སྒམ་བསྡམས་ནས་བརྟན་དུ་གཏོང་བཞིན་པ།