《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月19日

རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཐེངས་བཅུ་པའི་སྐོར་གཟིགས་བྱ་ཡུལ་ཚན་པའི་འབྲེལ་ཡོད་གནད་དོན་ཤེས་རྟོགས་བྱུང་བའི་སྐོར་གྱི་གནས་ཚུལ(གསུམ་པ)

རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཐེངས་བཅུ་པས་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའུ་ལ་ལྷག་པའི་གནད་དོན་གཙོ་བོ།

གཅིག་ནས་འཕྲོད་བསྟེན་བདེ་ཐང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གནད་འཁེལ་མ་བྱུང་བ་དང་། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་ཏང་ཙུའུ་ཡི་ནུས་པ་འདོན་སྤེལ་གང་ལེགས་མ་བྱུང་བ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བླང་བྱ་དོན་འཁྱོལ་བྱེད་པར་ཞན་ཆ་ཡོད་པ། ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཞན་པ་དང་། གཉིས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་། མངགས་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ལྟ་སྐུལ་ནུས་པ་ཞན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་སྔར་བཞིན་གནས་པ། སྤྱོད་ཚུལ་འཛུགས་སྐྱོང་ཏན་ཏིག་མེད་པ། གསུམ་ནས་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་མི་འདང་བ་དང་། ལས་བྱེད་པ་འདེམས་སྤྱོད་དང་དཔུང་ཁག་འཛུགས་སྐྱོང་ཐད་ཞན་ཆ་ཡོད་པ། གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ཚད་ལྡན་མེད་པ། བཞི་ནས་དག་ཐེར་གྱི་བྱེད་པོའི་འགན་འཁྲི་གཙོ་བོ་དོན་འཁྱོལ་གནད་འཁེལ་མ་བྱུང་བ། དེ་དང་ཆབས་ཅིག་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ལ་གནད་དོན་ཡོད་པའི་ཁུངས་སྣེ་འབྱོར་བ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཐེངས་བཅུ་པས་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་ལྗོངས་སྨན་རྩིས་ཁང་ཏང་ཨུད་ལ་ལྷག་པའི་གནད་དོན་གཙོ་བོ།

གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་གོ་བ་ཏན་ཏིག་བླངས་མེད་པ་དང་། ཏང་ཨུད་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་མངོན་གསལ་དོད་པོ་བྱུང་མེད་པ། བརྟན་ལྷིང་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བ། གསོ་རིག་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཐད་ཧེ་བག་ཡོད་པ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཚད་མི་འདང་བ་དང་། གཉིས་ནས་བྱེད་པོའི་འགན་འཁྲི་ནན་དུ་བཏང་མེད་པ་དང་། ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་བྱེད་ཚད་མི་འདང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་གཏན་འགོག་ནུས་ལྡན་ཐུབ་མེད་པ། གསུམ་ནས་འགོ་ཁྲིད་ཚན་ཁག་གི་སྤྱི་ཡོངས་ཀྱི་མཉམ་ཤུགས་འདོན་སྤེལ་གང་ལེགས་ཐུབ་མེད་པ། མི་སྣ་འདེམས་སྤྱོད་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐད་ད་དུང་མི་འདང་བའི་ཆ་ཡོད་པ། ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གནད་འཁེལ་མ་བྱུང་བ། བཞི་ནས་དག་ཐེར་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་ཧེ་བག་ཡོད་པ། དེ་དང་ཆབས་ཅིག་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ལ་གནད་དོན་ཡོད་པའི་ཁུངས་སྣེ་འབྱོར་བ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཐེངས་བཅུ་པས་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཏང་ཙུའུ་ལ་ལྷག་པའི་གནད་དོན་གཙོ་བོ།

གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཏན་ཏིག་མ་བྱུང་བ་དང་། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་ཏང་ཙུའུ་ཡི་ནུས་པ་འདོན་སྤེལ་གང་ལེཌ་མ་བྱུང་བ། སྨན་བཅོས་འགན་སྲུང་ལམ་ལུཌ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་རྒྱུར་མི་འདང་བའི་ཆ་ཡོད་པ་དང་། གཉིས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་མ་བྱུང་བ། ལྟ་སྐུལ་འགན་འཁྲི་དོན་ཐོག་ཏུ་འཁྱོལ་མེད་པ། སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་མི་འདང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གནད་འཁེལ་མ་བྱུང་བ། གསུམ་ནས་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཞན་ཆ་ཡོད་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་མི་འདང་བ། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་ཤུགས་མི་འདང་བ། བཞི་ནས་དག་ཐེར་གྱི་བྱེད་པོའི་འགན་འཁྲི་གཙོ་བོ་དོན་འཁྱོལ་གནད་འཁེལ་མ་བྱུང་བ། དེ་དང་ཆབས་ཅིག་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ལ་གནད་དོན་ཡོད་པའི་ཁུངས་སྣེ་འབྱོར་བ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཐེངས་བཅུ་པས་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་བོད་ལྗོངས་སློབ་ཆེན་ཏང་ཨུད་ལ་ལྷག་པའི་གནད་དོན་གཙོ་བོ།

གཅིག་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་མ་བྱུང་བ་དང་། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཐད་ཧེ་བག་ཡོད་པ། ཏང་གི་སློབ་གསོའི་མཛད་ཕྱོགས་དོན་འཁྱོལ་བྱེད་པར་ཞན་ཆ་ཡོད་པ། ཉེན་ཁའི་འདུ་ཤེས་བརྟན་པོ་མེད་པ། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བར་ཞན་ཆ་ཡོད་པ། སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གནད་འཁེལ་མ་བྱུང་བ་དང་། གཉིས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཤུགས་མི་འདང་བ། བྱེད་པོའི་འགན་འཁྲི་ནན་པོ་མི་འཁུར་བ། ལྟ་སྐུལ་འགན་འཁྲི་ལག་བསྟར་ནན་པོ་མ་བྱུང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་བཀག་ཀྱང་མི་ཁོག་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་སྔར་བཞིན་གནས་པ། གསུམ་ནས་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ཏན་ཏིག་མ་བྱུང་བ། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ཐབས་ཇུས་ལམ་ལུགས་ལག་བསྟར་གནད་འཁེལ་མ་བྱུང་བ། མི་སྣ་འདེམས་སྤྱོད་ལས་དོན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཧེ་བག་ཡོད་པ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཕྱི་ཚུལ་ཙམ་དུ་གྱུར་པ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པའི་འདུ་ཤེས་ཟབ་པོ་མེད་པ། བཞི་ནས་སྐོར་ཞིབ་དང་རྩིས་བཤེར་སོགས་ལྟ་སྐུལ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་དོན་འཁྱོལ་མཐར་ཕྱིན་བྱུང་མེད་པ། དེ་དང་ཆབས་ཅིག་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ལ་གནད་དོན་ཡོད་པའི་ཁུངས་སྣེ་འབྱོར་བ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཐེངས་བཅུ་པས་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ཏང་ཨུད་ལ་ལྷག་པའི་གནད་དོན་གཙོ་བོ།

གཅིག་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པར་ཧེ་བག་ཡོད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་པར་དུ་བོད་ཀྱི་ལས་དོན་དང་མཐོ་རིམ་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པར་ཧེ་བག་ཡོད་པ། ཏང་གི་སློབ་གསོའི་མཛད་ཕྱོགས་དང་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ཞན་ཆ་ཡོད་པ། བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཐད་ནུས་ཤུགས་མི་འདང་བ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་རྒྱུར་མི་འདང་བའི་ཆ་ཡོད་པ། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་དོན་འཁྱོལ་ལ་ཧེ་བག་ཡོད་པ། སློབ་གསོའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་པོ་མེད་པ་དང་། གཉིས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཤུགས་མི་འདང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱེད་པར་ཧེ་བག་ཡོད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ། སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་མ་བྱུང་བ། གསུམ་ནས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་གནད་འཁེལ་མ་བྱུང་བ། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ཐད་ཧེ་བག་ཡོད་པ། སྒྲིག་གཞི་འཛུགས་སྐྱོང་དང་དཔུང་ཁག་གི་གྲུབ་ཆ་ལུགས་མཐུན་མེད་པ། ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ཏན་ཏིག་མ་བྱུང་བ། བཞི་ནས་རེས་སྐོར་གོང་མའི་སྐོར་ཞིབ་དང་རྩིས་བཤེར་སོགས་ལྟ་སྐུལ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་སྔར་བཞིན་དག་ཐེར་བྱུང་མེད་པ། དེ་དང་ཆབས་ཅིག་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ལ་གནད་དོན་ཡོད་པའི་ཁུངས་སྣེ་འབྱོར་བ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཐེངས་བཅུ་པས་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་བོད་ལྗོངས་ཞིང་འབྲོག་སློབ་གླིང་ཏང་ཨུད་ལ་ལྷག་པའི་གནད་དོན་གཙོ་བོ།

གཅིག་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་མ་བྱུང་བ་དང་། བྱེད་ཐབས་ཞིབ་ཕྲ་མེད་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱུང་མེད་པ། བྱ་ཐབས་དོན་འཁྱོལ་བྱེད་ཤུགས་མི་འདང་བ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བའི་བྱེད་ཐབས་དམ་ནན་མེད་པ། “བསམ་བློ་ཆབ་སྲིད་ཆེ་མོའི”བཀོད་པ་ད་དུང་ཆགས་མེད་པ། བསམ་བློ་ཆབ་སྲིད་ལས་དོན་ཐད་ཞན་ཆ་ཡོད་པ། སློབ་གསོའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ་དང་། གཉིས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་ཧེ་བག་ཡོད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་གཏིང་ཟབ་དང་ཞིབ་ཚགས་མེད་པ། སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་གནད་འཁེལ་མ་བྱུང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་ཏན་ཏིག་མ་བྱུང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་བཀག་ཀྱང་མི་ཁོག་པ། གསུམ་ནས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པར་ཧེ་བག་ཡོད་པ། ཏང་ཨུད་འགོ་ཁྲིད་ཚན་ཁག་གི་རང་ངོས་འཛུགས་སྐྱོང་བྱེད་ཤུགས་མི་འདང་བ། མི་སྣ་འདེམས་སྤྱོད་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཞན་ཆ་ཡོད་པ། གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ཕྱི་ཚུལ་ཙམ་དུ་གྱུར་པ། ལས་བྱེད་པའི་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པའི་འདུ་ཤེས་ཟབ་པོ་མེད་པ། བཞི་ནས་སྐོར་ཞིབ་དང་རྩིས་བཤེར་སོགས་ཀྱི་ལྟ་སྐུལ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་ལྟའི་གནད་དོན་དག་ཐེར་གནད་འཁེལ་མ་བྱུང་བ། དེ་དང་ཆབས་ཅིག་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ལ་གནད་དོན་ཡོད་པའི་ཁུངས་སྣེ་འབྱོར་བ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།