《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月08日

ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཡིག་སྒྱུར་པུའི་ལས་དོན་མི་སྣས།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའི་ལས་ཡུལ་དངོས་སུ་སློབ་སྦྱོང་བྱེད་པར་བསྐྱོད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཡིག་སྒྱུར་པུའི་ལས་དོན་མི་སྣ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའུ་རུ་བསྐྱོད་ནས་ཕན་ཚུན་ཉམས་མྱོང་སྤེལ་རེས་ཀྱི་རྨང་གཞིའི་ཐོག གཅིག་ནས་རྩོམ་སྒྲིག་པུའི་འགན་ཁུར་མི་སྣས་གནང་བའི་བོད་ཡིག་ཚགས་པར་གྱི་ཡིག་སྒྱུར་ལས་དོན་གྱི་བརྒྱུད་རིམ་དང་། སྒྱུར་ཐབས། དེ་བཞིན་རྣམ་ཀུན་ལས་ཀའི་ཁྲོད་དཔྱད་ཡིག་གང་འདྲ་ཞིག་ལ་གཏུག་དགོས་མིན་དང་བེད་སྤྱོད་བྱེད་སྟངས། ལྷག་པར་དུ་དེང་སྐབས་རྒྱལ་ཡོངས་སུ་སྤེལ་དང་སྤེལ་བཞིན་པའི་ཏང་གི་ལོ་རྒྱུས་ཤེས་བྱའི་འབྲེལ་ཡོད་ནང་དོན་ཡིག་སྒྱུར་གནད་འཕིགས་ཇི་ལྟར་ཡོང་བའི་ཐད་སློབ་སྟོན་ཞིབ་ཚགས་གནང་བ་དང་། གཉིས་ནས་རྩོམ་སྒྲིག་པུའི་ལས་ཡུལ་དངོས་སུ་ལས་དོན་མི་སྣའི་བྱང་ཆུབ་ལ་ཉམས་མྱོང་ཕུན་སུམ་ཚོགས་པའི་རྩོམ་སྒྲིག་དང་སྒྱུར་རྩལ་ལ་མྱོང་རོལ་དང་སློབ་སྦྱོང་བྱས་པ་རེད།

ད་ཐེངས་སློབ་སྦྱོང་སྤེལ་རེས་ཀྱི་བྱེད་སྒོ་བརྒྱུད་དངུལ་ཁང་དེའི་ཡིག་སྒྱུར་ལས་དོན་མི་སྣས་སླད་ཕྱིན་གྱི་ཡིག་སྒྱུར་བྱ་གཞག་ལ་གང་འདྲ་བྱས་ནས་སྒྱུར་ཐབས་མཐོར་གཏོང་དང་དེ་བཞིན་དོ་སྣང་བྱེད་དགོས་པའི་ཐད་བབ་ཆགས་ཟབ་མོ་ཐེབས་ཡོད་ལ་གཞི་རིམ་ལས་བཟོ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་གོ་བདེ་སྤྱོད་བདེའི་དངུལ་རྩའི་ཤེས་བྱ་ཡིག་སྒྱུར་བྱེད་པའི་ཐད་སློབ་སྦྱོང་གི་ཕན་འབྲས་སྔར་བས་ཆེན་པོ་ཐོན་ཡོད།

(འཕྲིན་སྤེལ་བ་བསྟན་འཛོམས)