《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月08日

དུས་ཚིགས་དང་པོར་གཞིས་རྩེའི་གཞུང་ཁོངས་ཁེ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་གྱིས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་བས། ཚོགས་པའི་ཀུང་སི་གསུམ་དང་དེའི་མངའ་འོག་གི་ཀུང་སི་བསྡོམས་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་70ཡི་དུས་ཚིགས་དང་པོའི་ཡོང་འབབ་ཁྱོན་སྒོར་ཁྲི་27888ཟིན་པ་དེ་2020ལོའི་དུས་མཚུངས་ལས་289.5%འཕར་བ་དང་། མ་རྩ་ཁྱོན་སྒོར་དུང་ཕྱུར་402ཟིན་པ་དེ་2020ལོའི་དུས་མཚུངས་ལས་40.7%འཕར་ཡོད་པ་རེད།