《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月06日

ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་དང་གནས་སྡོད་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་དུ་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་དང་གནས་སྡོད་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་གནས་སྡོད་མཛུབ་ཁྲིད་ཚོགས་ཆུང་ཁག་གི་ལས་དོན་སྙན་སེང་གསན་ནས། ཉམས་མྱོང་ཕྱོགས་སྡོམ་དང་། གནད་དོན་གསེད་བཀྲོལ། ཐབས་ཇུས་ཞིབ་འཇུག་བཅས་བྱས་ཏེ་གོམ་སྟབས་རྗེས་མའི་གནས་སྡོད་མཛུབ་ཁྲིད་ལས་དོན་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཧོ་ཝུན་ཧའོ་ཚོགས་འདུར་ཞུགས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པའི་བོད་ལྗོངས་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཡུས་ཡུང་ཚོགས་འདུར་ཞུགས་པ་རེད།

ཧོ་ཝུན་ཧའོ་ཡིས་གནས་སྡོད་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ལྟ་སྐུལ་མཛུབ་ཁྲིད་དང་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་འགན་འཁྲི་དོན་འཁྱོལ་ལ་ལྟ་སྐུལ་བྱས་ཏེ་བྱེད་པོའི་འགན་འཁྲི་དང་། འགན་འཁྲི་ཨང་དང་པོ། ཐད་ཀའི་འགན་འཁྲི་བཅས་དོན་འཁྱོལ་ཡག་པོ་བྱ་རྒྱུར་ལྟ་སྐུལ་ནན་ཏན་བྱེད་པ་དང་། བཅོས་སྒྲིག་དོན་འཁྱོལ་ལ་ལྟ་སྐུལ་བྱས་ནས་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། “ཞིབ་བཤེར་བདུན”གྱི་ལས་དོན་ལ་ལྟ་སྐུལ་བྱས་ནས་ཁུངས་སྣེ་ཁག་གཅིག་ཞིབ་བཤེར་གང་མགྱོགས་བྱས་ནས་གྱོད་གཞི་ཁག་གཅིག་ལས་ཚད་བརྒལ་ཡོང་བ་བྱས་ཏེ་བྱེད་གཏེ་ཁག་གཅིག་ཐག་གཅོད་ནན་པོ་བྱེད་པ། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ལྟ་སྐུལ་བྱེད་པ་དང་སྲིད་ཇུས་ཀྱི་ཟིལ་ཤུགས་འདོན་སྤེལ་བྱས་ཏེ་ལས་བྱེད་ཉེན་རྟོག་པས་ཁུར་པོ་དོར་བ་དང་རང་འགུལ་ངང་གནས་ཚུལ་གསལ་བཤད་བྱ་རྒྱུར་སྐུལ་འདེད་གཏོང་བ། གཙོ་གནད་དང་དཀའ་གནད་ལ་ལྟ་སྐུལ་བྱས་ཏེ་དམངས་ཀྱི་འདོད་བློ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པ། དབང་ཆ་སྤྱོད་པར་ལྟ་སྐུལ་དང་། “གཏན་འབེབས་གསུམ”དང་འགལ་བའི་བྱ་སྤྱོད་ཡོད་མེད་རྩད་ཞིབ་བྱེད་པ། གཞི་རིམ་གྱི་ཚན་པ་དང་། སྐར་ཁུང་ཚན་པ། ལས་གནས་གཙོ་བོ་བཅས་ཀྱིས་ཉེན་རྟོག་པ་དང་མི་དམངས་དབར་གྱི་འབྲེལ་བར་ཤུགས་རྐྱེན་ཐེབས་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུའི་སྤུས་ཚད་ལ་ལྟ་སྐུལ་བྱས་ཏེ། མི་དོན་སེམས་གསུམ་མཐོང་རྒྱུ་ཡོད་པའི་འགན་ལེན་ཏན་ཏིག་གིས་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་བཟོ་བར་ལྟ་སྐུལ་བྱས་ནས། ཐོན་མང་བ་དང་། ཡང་སེ་ཐོན་པ། ངན་རེངས་བཅས་ཀྱི་གནད་དོན་ལ་དམིགས་ཏེ། གནད་དོན་དག་ཐེར་ཡོ་བསྲང་དང་སྒྲིག་སྲོལ་དང་ལམ་ལུགས་བཟོ་བའི་གསལ་ཐོ་བཟོ་བ་དང་། ཞན་ཆ་གསབ་པ་དང་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།