《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月06日

ཀྲོང་ཡན་གྱིས་ལྷ་སར་བརྟག་ཞིབ་གནང་རིང་ལས་གནས་བརྟན་སྲུང་བྱེད་མཁན་ངལ་རྩོལ་པར་གཟིགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་4ཉིན་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་བསྣམས་ནས་ཚེས་1ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་སྔ་རྗེས་སུ་ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ཁུལ་དང་། འབྲས་སྤུངས་དགོན། སེ་ར་དགོན། གཙུག་ལག་ཁང་སོགས་སུ་ཕེབས་ནས་དུས་ཆེན་གྱི་ཡུལ་སྐོར་ཁྲོམ་ར་དང་། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ་དང་སྦྲགས། དུས་ཆེན་རིང་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ལས་དོན་མི་སྣར་གཟིགས་ནས། ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་པར་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ་རེད།

བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་དགོན་སྡེ་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་། རིག་དངོས་སྲུང་སྐྱོབ། མེ་ཟོན་བདེ་འཇགས་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས“བློ་མཐུན་ཚོས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ་དང་། ངལ་གསོའི་དུས་ཚོད་བློས་བཏང་ནས་ལས་རེས་བྱས་ཏེ། ལྷིང་འཇགས་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་དང་དུས་ཆེན་གྱི་རྣམ་པ་ཡག་པོ་བཏོད་ཡོད། རང་ཉིད་ཀྱི་དཀའ་སྤྱད་སྟོན་གྲངས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་བཏོད་ཡོད། ངས་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཀྲུའུ་རེན་བློ་བཟང་རྒྱལ་མཚན།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ཏེ་ཁྱེད་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ལ། ཚང་མར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ཀྲོང་ཡན་གྱིས་ད་དུང་ཆོས་ལུགས་རིགས་ཁོངས་ཀྱི་འཐུས་མི་དང་གྲྭ་བཙུན་ཚོས“ཚད་གཞི་བཞིར”བརྩི་སྲུང་ནན་ཏན་ཞུ་བ་དང་། ཆོས་ལུགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པ། སྒྲིག་བཀུར་ཁྲིམས་སྲུང་དང་འདུལ་ཁྲིམས་སྲུང་བ། ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་འདུལ་ཁྲིམས་ལ་དུས་རབས་ཡར་ཐོན་གྱི་བླང་བྱ་དང་མཐུན་པའི་འཆད་འགྲེལ་བྱེད་པ། དད་ལྡན་མང་ཚོགས་ཀྱི་བསམ་བློ་དང་སེམས་ནུས་ཐོན་སྐྱེད་འཕེལ་རྒྱས་དང་ཚེ་འདིའི་བདེ་སྐྱིད་འཚོ་བའི་ཐོག་གཅིག་སྡུད་ཡོང་བར་ཁྲིད་སྟོན་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཀྲོང་ཡན་གྱིས། འདི་ལོ་དོན་ཆེན་མང་བ་དང་། བཀྲ་ཤིས་པའི་བྱ་བ་མང་བ། བྱ་བ་གལ་ཆེན་མང་བས་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ། དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་པ། གནས་ཚུལ་གསར་པར་རྒྱུན་ཆད་མེད་པར་ཞིབ་འཇུག་དང་། ཉམས་མྱོང་གསར་པར་ཕྱོགས་སྡོམ། གནད་དོན་གསར་པ་ཐག་གཅོད་བཅས་བྱེད་དགོས། ཀྲུང་གོའི་རིམས་འགོག་གི་གཏམ་རྒྱུད་དང་བོད་ཀྱི་དབུལ་སྒྲོལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་དེ་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོས་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ནས་ཏང་གི་མཁས་མཛངས་རླབས་ཆེན་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཚན་རིག་གི་ཆོས་ཉིད་ལ་བརྩི་འཇོག བརྟན་ལྷིང་སྲུང་སྐྱོང་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། མེ་ཟོན་བདེ་འཇགས་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ནན་བཤད་གནང་བ་རེད།