《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月05日

ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་4ཚེས་30ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ལྷ་སར་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྔར་བས་སློབ་སྦྱོང་ལག་བསྟར་དང་། ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་དངོས་ཀྱི་བྱེད་སྒོར་ཞིབ་འཇུག་བཀོད་སྒྲིག་བཅས་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཧོ་ཝུན་ཧའོ་དང་། པད་མ་དབང་འདུས། ལིའུ་ཅང་། དབང་ཧའེ་ཀྲོའུ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ནས་སྦྱོང་བརྡར་ཐེབས་པ་དང་ཏང་གཤིས་ལ་སྔར་བས་བཞུན་བརྡར་ཐེབས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཆེ་རུ་ཕྱིན་པ་མ་ཟད། དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།

རང་ལྗོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་གནས་པའི་མི་འདང་ས་དང་ཉམས་ཞན་ལྷུ་ཚིགས་ལ་དབྱེ་ཞིབ་གནང་རྗེས། ཝུའུ་དབྱིང་ཅེས་སློབ་སྦྱོང་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོར་གོ་བ་གཏིང་ཟབ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་བླང་བྱ་ལྟར། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) གསུམ་པ། བཞི་པ། ལྔ་པ་བཅས་དང་། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིག་པ་རྟོགས་པ་བཅས་བྱེད་པ་དང་། རྟག་ཏུ་སྦྱོང་བ་དང་། ཡང་ཡང་སྦྱོང་བ། རྒྱུན་ཆད་མེད་པར་སྦྱོང་བ། རྒྱུན་ཆད་མེད་པར་ལག་བསྟར། རྒྱུན་ཆད་མེད་པར་གོ་བ་ལེན་པ། དེའི་ནང་ནས་བསམ་ཕྱོགས་འཚོལ་བ། ཐབས་ཤེས་འཚོལ་བ། དྲིས་ལན་འཚོལ་བ་བཅས་བྱས་ཏེ་ལྷག་བསམ་འཕེལ་ཐུབ་པ་དང་། དད་སེམས་སྐྱེ་ཐུབ་པ། རྩོལ་ཤུགས་སྐྱེ་ཐུབ་པ། སྤྱོད་གཙང་སྲུང་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། སློབ་སྦྱོང་བྱེད་རིང་རང་ངོས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ“འགག་རྩའི་ཉུང་ཤས”ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་སློབ་སྦྱོང་དང་ཟུང་འབྲེལ་བྱས་ནས། སློབ་སྦྱོང་བྱེད་རིང་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་དངོས་འབྲེལ་ཚོར་བ་དང་། མདུན་སྐྱོད་ཀྱི་སྟོབས་ཤུགས་ལེན་པ། ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས” ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ། དཀའ་སྤྱད་འབད་འཐབ་དང་། འཁང་ར་མེད་པ། དཀའ་སྤྱད་དངོས་སྒྲུབ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་བ་ནི་ད་རེས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བླང་བྱ་ཁ་གསལ་དང་གཞི་རྟེན་གལ་ཆེན་ཞིག་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིས“ལྡན་དགོས་པ་གསུམ་དང་ཕན་པ་གཅིག”གི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཐད་བཏོན་གནང་བའི་བླང་བྱ་དང་ཆོས་ལུགས་ཀྱི་ལས་དོན་ཐད་བཏོན་གནང་བའི“ཚད་གཞི་བཞི”དང“ཕན་པ་ལྔའི”བླང་བྱར་དམིགས་པ་དང་། རང་ལྗོངས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་པོར་དམིགས་པ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་མི་དམངས་ལ་ཞབས་འདེགས་ཞུ་བ། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ལ་དམིགས་པ། བློ་གཅིག་སེམས་གཅིག་དང་སེམས་ནུས་ཡོད་རྒུས་གཞི་རིམ་གྱི་དཀའ་ངལ་དང་མང་ཚོགས་ཀྱི་སེམས་ཁྲལ་སེལ་བ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་མི་དམངས་ཚོས་སྔར་བས་འདྲ་མཉམ་སྒོ་ནས་མཉམ་སྤྱོད་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱིས“གང་ཞིག་བསམ་པ”དང“གང་ཞིག་རེ་སྒུག་བྱེད་པ”ཤེས་རྟོགས་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་བར་རྨང་གཞི་འདིང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་ཟུང་འབྲེལ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དང་ཟུང་འབྲེལ། དུས་རབས་གསར་པའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པ་དང་ཟུང་འབྲེལ། ཚོགས་སྤྱི་མི་འདྲ་བ་དང་དཀའ་ངལ་སྣ་ཚོགས་གནད་སྨིན་དབྱེ་འབྱེད་བྱེད་པ། གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་བཅས་བྱས་ཏེ་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་འཐོབ་པར་བྱེད་དགོས། གསོན་ཉམས་དོད་པའི་བསླབ་གཞི་བེད་སྤྱོད་ཡག་པོ་བྱས་ཏེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་བརྒྱུད། མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་སྔར་བས་ཚོར་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་ཚོར་ཐུབ་པར་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་མེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཚེ། བོད་ཀྱི་མི་དམངས་ལ་གཞི་ནས་བདེ་སྐྱིད་ལྡན་པའི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་བར་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།