《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月05日

རི་ཁུག་ནས་ཐོན་ཏེ་འཚོ་བ་གསར་པ་གཏོད་པ།

—— ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་འཇམ་དཔལ་རྡོ་རྗེའི་དབུལ་སྒྲོལ་གཏམ་རྒྱུད།

འདི་ལོ་ལོ་60ལ་སླེབས་པའི་འཇམ་དཔལ་རྡོ་རྗེ་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་ཁྱུང་དཀར་ལྡིང་གནས་སྤོས་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་སྤོས་ཡོད། 2018ལོའི་གོང་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པའི་མཚོ་སྨད་རྫོང་སྒོ་བསྡུས་ཤང་བཀྲ་ཤིས་གསུམ་མདོ་གྲོང་ཚོར་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། སྐབས་དེ་དུས་ལོ་གཅིག་གི་ཕྱུགས་ཟོག་བཙོངས་པའི་དངུལ་གྱིས་འབྲས་དང་། གྲོ་ཞིབ། སྣུམ་སོགས་ཀྱི་འཚོ་བའི་མཁོ་ཆས་ཉོ་ཐུབ་ཙམ་ལས་མེད།

འཇམ་དཔལ་རྡོ་རྗེས“ཕྱུགས་ཟོག་འཚོང་རྒྱུ་མེད་པའི་ལོ་དེར་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བྱུང་། དུས་རྒྱུན་རྩམ་པ་ཏོག་ཙམ་བཟའ་བ་དང་ཇ་ཐང་འཐུང་བ་ཕུད་ཟ་རྒྱུ་གཞན་གང་ཡང་མེད། ད་ཆ་བསམ་བློ་གཏོང་དུས་སྐབས་དེ་དུས་ཀྱི་འཚོ་བ་དངོས་འབྲེལ་སྐྱོ་པོ་རེད་འདུག”ཅེས་གསར་འགོད་པར་བརྗོད།

སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་ཁྱུང་དཀར་ལྡིང་གནས་སྤོས་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་སྤོས་རྗེས་འཇམ་དཔལ་རྡོ་རྗེ་ཁྱིམ་གྱི་ནང་མི་ཚང་མ་ཐོག་བརྩེགས་ཁང་ཆེན་དུ་སྡོད་རྒྱུ་བྱུང་བ་མ་ཟད། བཟའ་ཚོ་གཉིས་པོར་ལས་ཀ་ཡང་རག་ནས་ཡོང་འབབ་བརྟན་པོ་ཡོད་པ་རེད།

ཁྱུང་དཀར་ལྡིང་སྡེ་ཁུལ་གྱི་མཐུན་སྦྱོར་འོག་འཇམ་དཔལ་རྡོ་རྗེ་རྩེད་ཐང་མགྲོན་ཁང་གི་སྒོ་སྲུང་བ་བྱས་པ་དང་། ཁོང་གི་བཟའ་ཟླ་བསྟན་འཛིན་བློ་གྲོས་བོད་ལྗོངས་རྩེད་ཐེར་གྱོན་གོས་ཚད་ཡོད་ཀུང་སིའི་ལས་མིར་གྱུར་ཡོད་པ་རེད།

ད་ཆ་འཇམ་དཔལ་རྡོ་རྗེ་བཟའ་ཚོ་གཉིས་ཀྱི་ཟླ་གཅིག་གི་གླ་ཆ་བསྡོམས་ན་སྒོར་5500ཟིན་གྱི་ཡོད། འཇམ་དཔལ་རྡོ་རྗེས། “སྔོན་ཆད་རྨི་ལམ་དུའང་རྨིས་མ་མྱོང་བའི་འཚོ་བ་ད་ཆ་ཏང་དང་སྲིད་གཞུང་གི་རོགས་རམ་འོག་དངོས་ཡོད་ལ་གྱུར་སོང་། དེ་ཚོ་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་རེད”ཅེས་བརྗོད།

འཇམ་དཔལ་རྡོ་རྗེས་ལས་ཀ་ཡག་པོ་བྱས་སྟབས་ན་ནིང་ཁོང་ཁྱུང་དཀར་ལྡིང་སྡེ་ཁུལ་གྱིས“སྐྱེ་ཁམས་ལས་གནས་ཀྱི་སྔོན་ཐོན་མི་སྒེར”ལ་བདམས་པ་རེད།

གཟི་བརྗིད་མཚན་སྙན་ཐོབ་རྗེས་འཇམ་དཔལ་རྡོ་རྗེའི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད། ཁོང་གིས“དངོས་འབྲེལ་ཏང་གི་སྲིད་ཇུས་བཟང་པོའི་དྲིན་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་སྣེ་ཁྲིད་དེ་གནད་སྨིན་དབུལ་སྐྱོར་གནང་མེད་ན། ང་ཚོ་ནང་མི་ཚང་མ་ད་དུང་རི་ཁུག་ཏུ་འཚོ་བ་ཇི་ཙམ་སྐྱེལ་དགོས་པ་ཤེས་མ་སོང་། ང་ཚོ་མི་རབས་ཚང་མས་ཏང་གི་བཀའ་དྲིན་སེམས་སུ་བཅངས་ནས་ནམ་ཡང་ཏང་གི་རྗེས་སུ་འབྲངས་ཏེ་ལས་ཀ་ཧུར་ཐག་བྱས་ནས་འཚོ་བ་དེ་བས་ལེགས་པ་ཞིག་སྐྱེལ་རྩིས་ཡོད”ཅེས་བརྗོད་པ་རེད། (བཀྲ་ཤིས་ཚེ་དབང་གིས་བསྒྱུར། ལྷ་དབང་གིས་ཞུས)