《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月05日

འགྲོ་ལམ་བདེ་འཇགས་ལྡན། ཡུལ་ལྗོངས་ལྟ་ན་སྡུག

—— ཚན་རྩལ་གསར་གཏོད་ལ་བརྟེན་ནས་རང་ལྗོངས་ཀྱི་ལྗང་མདོག་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱས་པ།

འདི་ནི་ལྷ་ཉིང་རིམ་མཐོའི་གཞུང་ལམ་རྒྱུད་ཀྱི་མཛེས་ལྗོངས་ཡིན་པ།

དེ་ནི་ཁྲོན་བོད་གཞུང་ལམ་གྱི་ཤར་བགྲོད་ཐུབ་ཤོས་དང་། བདེ་འཇགས་ལྡན་ཤོས། མཛེས་སྡུག་ལྡན་ཤོས་ཀྱི“མཁའ་ལམ”ཞིག་རེད་ལ། ལམ་ཐག་སྤྱི་ལེ་398.54ཡོད་པའི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་རིམ་མཐོའི་གཞུང་ལམ་དུ་སྐྱོད་སྐབས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཡིན་ནའང་འདྲ་ཡང་ན། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཚང་མས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི”དང་། དེ་བཞིན“གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི”ཡིན་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལག་བསྟར་ནན་པོ་བྱས་ཏེ་ས་མཐོའི་འགྲིམ་འགྲུལ་འཛུགས་སྐྲུན་དང་འཕེལ་རྒྱས་ཁྲོད་དང་། ལམ་བཟོ་ཟམ་སྐྲུན། སྐྱེལ་འདྲེན་འཕེལ་རྒྱས་བཅས་ཀྱི་བརྒྱུད་རིམ་ཁྲོད་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་སྔོ་ཁེབས་ལ་གཏོར་སྐྱོན་དང་རི་སྐྱེས་སྲོག་ཆགས་ལ་ཤུགས་རྐྱེན་ཕོག་ཚད་ཆུང་དུ་གཏོང་བ་དང་། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ཁྱབ་གདལ་ཤུགས་ཆེན་གཏོང་བ། ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་ཁག་ལག་བསྟར་ནན་པོ་བྱེད་པ། འགྲིམ་འགྲུལ་ལྷུ་ཚིགས་ཚང་མའི་ཁོར་ཡུག་སྲུང་སྐྱོང་གི་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཆུ་དང་། འཛེར་སྒྲ། མཁའ་རླུང་སོགས་ཀྱི་སྦགས་བཙོག་ཚད་གཞི་ཆེས་དམའ་ཤོས་སུ་སླེབས་པར་བྱས་པ་རེད།

ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལག་བསྟར་གང་ལེགས་བྱས་ཤིང་། དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ལས་གསལ་བཤད་གང་ལེཌ་ཐུབ་པ་སྟེ།

—— བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ལ་འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྒོ་བྱང་སྤྲད་པའི་རང་སྐྱོང་ལྗོངས་ཀྱི“སྐྱེ་ཁམས་བདེ་འཇཌ་སྲུང་ཡོལ་ཁུལ་གྱི་འགྲིམ་འགྲུལ་དྲ་བའི་སྒྲིག་ཆས་དོ་དམ་ཚོད་འཛིན་དང་འཁོར་རྒྱུག་སླར་གསོའི་ལག་རྩལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་གཙོ་གནད་ཚོད་ལྟ་ཁང”ཐོག་མ་དེ་ཡོད་པ་རེད།

—— ས་བབ་མཐོ་བའི་ཁུལ་གྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ལས་གྲྭར་བརྟེན་ནས་བདེ་འཇགས་འགན་ལེན་དང་། སྐྱེ་ཁམས་འགོག་སྲུང་། ཉི་ནུས་བེད་སྤྱོད། ལམ་ངོས་རྒྱུ་ཆའི་ཡུན་རིང་རང་བཞིན་གྱི་འགག་རྩའི་ལག་རྩལ་སོཌ་ཐད་ཞིབ་འཇུག་དང་། རང་སྐྱོང་ལྗོངས་ཀྱི་གཞུང་ལམ་དང་ཆུ་ལམ་བདེ་འཇཌ་ཤར་གཏོང་དང་། འཕྲལ་སྡོམ་ཐག་གཅོད་མ་ལག འགྲིམ་འགྲུལ་བཀོལ་སྤྱོད་བཀོད་འདོམས་ལྟེ་གནས་ཀྱི་ལེ་ལག་ཚང་བའི་འདུ་འགོད་སོགས་ཆ་འཕྲིན་ཅན་གྱི་འདུ་འགོད་4སྔ་རྗེས་སུ་བཙུགས་ཡོད།

ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། ཚན་རྩལ་གྱི་བྱེད་ཐབས་ཇེ་ལེགས། འཕྲལ་སྡོམ་སྒྲིག་ཆས་འཐུས་ཚང་བཅས་བྱུང་ནས་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་འཕྲལ་སྡོམ་ཐག་གཅོད་ནུས་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་སོང་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྗོངས་ཡོངས་སུ་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་ཚབས་ཆེན་ཐོན་མེད་པ་དང་། ལས་འཛོལ་ཐོན་ཚད་དང་མི་སྣ་ཤི་ཚད“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཚུངས་ལས་40.7%དང་83%ཆག་ནས། བདེ་འཇགས་ཐོན་སྐྱེད་ཀྱི་སྤྱིའི་དུས་བབ་བརྟན་ལ་གོ་རིམ་ལྡན་པ་དང་རྒྱུན་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།