《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月05日

“ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”སྐབས་25པའི་དཔྱད་འདེམས་ཡོངས་བསྒྲགས་བྱས་པ།

བོད་ཀྱི་བསོད་ནམས་རྒྱལ་པོར“ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”ཐོབ་པ། ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ“ཀྲུང་གོ་གཞོན་ནུའི་ལྔ་བཞིའི་ གཟེངས་རྟགས་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། དུས་རབས་གསར་པའི་གཞོན་ནུས་ཏང་གི་བཀའ་ལ་ཉན་པ། འབད་འབུངས་སྟོབས་བརྩོན་གྱི་བསམ་པའི་ཉམས་འགྱུར་གཅིག་སྡུད་མངོན་པ་དང་། རྒྱ་ཆེའི་གཞོན་ནུ་ཚོས“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཇོག་པར་ལྕག་སྐུལ། དཔའ་ངར་ཆེན་པོས་བྱས་རྗེས་འཇོག་པ། གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་བཅས་བྱ་ཆེད། ཉེ་ཆར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཝང་ཧྲུའུ་ཨའོ་སོགས་བློ་མཐུན་30ལ་སྐབས་25པའི“ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”སྤྲད་པ་དང་པེ་ཅིང་ཁོའོ་ཤིང་ཀྲུང་ཝེ་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་སི“ཁེ་ཀོན་བྱ་སྤྱོད”ཀྱི་ལས་དོན་ཚོགས་པ་སོགས་གཞོན་ནུའི་མཉམ་སྡེབ་14ལ་སྐབས་25པའི“ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་མཉམ་སྡེབ”ཀྱི་མཚན་སྙན་སྤྲད་པ་རེད། དུས་རབས་གསར་པར་རྒྱལ་ཁབ་དང་མཐའ་མཚམས་སྲུང་མཁན་དཔའ་བོའི་ཚོགས་སྤྱི་སོགས་གཞོན་ནུའི་མཉམ་སྡེབ་6ལ་སྐབས་25པའི“ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་མཉམ་སྡེབ”དང་ལིའུ་ཡེ་ཡའོ་སོགས་བློ་མཐུན་4ལ་སྐབས་25པའི“ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”ཐོབ་པ་གཏན་འཁེལ་བྱུང་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

བོད་རང་སྐྱོང་ལྗོངས་དཔལ་མགོན་རྫོང་སྤོ་ཆེ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་རིམ་བཞིའི་བརྟག་ཞིབ་པ་བསོད་ནམས་རྒྱལ་པོར(བོད་རིགས)སྐབས་25པའི“ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”ཐོབ་པ་དང་། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ“ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་མཉམ་སྡེབ”ཐོབ་པ་རེད།

དེ་དང་དུས་མཚུངས་ཉེ་ཆར་སྡེ་ཚོགས་ཀྲུང་དབྱང་གིས་པེ་ཅིང་གྲོང་ཁྱེར་མ་འཇོག་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་སྡེ་ཚོགས་ཨུ་ལྷན་སོགས་སྡེ་ཚོགས་རྩ་འཛུགས་285ལ་རྒྱལ་ཡོངས་ལྔ་བཞི་དར་དམར་སྡེ་ཚོགས་ཨུ་ལྷན་གྱི་མཚན་སྙན་སྤྲད་པ་དང་། རྒྱལ་སའི་གསོ་རིག་ཚན་ཁག་སློབ་ཆེན་ཤོན་ཝུའུ་སྨན་ཁང་གིས་སྡེ་ཚོགས་ཀྲི་པུའུ་ཨང་བཅུ་གཅིག་པ་སོགས་སྡེ་ཚོགས་རྩ་འཛུགས་370ལ་རྒྱལ་ཡོངས་ལྔ་བཞི་དར་དམར་སྡེ་ཚོགས་ཀྲི་པུའི་མཚན་སྙན་སྤྲད་པ། ཀྲང་དབྱི་ཝུན་སོགས་མི་447ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིའི་མཚན་སྙན་སྤྲད་པ། སུའུ་ཤིང་པོ་སོགས་མི་345ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པའི་མཚན་སྙན་སྤྲད་པ། གཞུང་དོན་དུ་རང་སྲོག་ཤོར་བའི་བློ་མཐུན་ལི་ཧྲ་དང་ལྷག་པ་ཕུན་ཚོགས་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིའི་མཚན་སྙན་རྗེས་སྤྲོད་བྱས་པ་རེད།