《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月01日

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་པའོ་ནེང་ཚོགས་པའི་དབར་འཐབ་ཇུས་ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཟླ་4ཚེས་28ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་པའོ་ནེང་ཚོགས་པས་འཐབ་ཇུས་ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མཉམ་དུ་མིང་རྟགས་བཀོད་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་པའོ་ནེང་ཚོགས་པའི་ཏུང་ཧྲི་ཀྲང་ཡའོ་ཀྲེན་ཧྭ་ཡིས་གསུང་བཤད་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་དང་པའོ་ནེང་ཚོགས་པའི་མཐོ་རིམ་ཙུང་ཚའེ་གཞོན་པ་དང་པའོ་ནེང་གྲོང་ཁྱེར་འཕེལ་རྒྱས་ཚོགས་པའི་ཏུང་ཧྲི་ཀྲང་ཙའུ་མིང་ཝུའུ་ཡིས་ཕྱོགས་གཉིས་པོའི་ཚབ་ཞུས་ཏེ་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རེན་ཝུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཆེ་དགྲ་ལྷས་པའོ་ནེང་ཚོགས་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུའི་དགའ་བསུ་ཞུས་པ་རེད། ཁོང་གིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་དང་འབྲེལ། ཁོང་གིས་པའོ་ནེང་ཚོགས་པས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ཏེ“ལྡན་དགོས་པ་གསུམ་དང་ཕན་པ་གཅིག”གི་བླང་བྱ་ལྟར་རང་ངོས་ཀྱི་ལེགས་ཆ་དེ་བོད་ཀྱི“དུས་བདེ། གནས་ལེགས་མི་སེམས་མཐུན་པ”བཅས་དང་ཟུང་འབྲེལ་བྱེད་པ་དང་། དེང་རབས་ཞིང་ལས་དང་། ལྗང་མདོག་བཟོ་ལས། ཤེས་ལྡན་མི་སྣ་གསོ་སྐྱོང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) སྤུས་རྟགས་སྐྱེད་སྲིང་སོགས་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱེད་པ། རྣམ་གྲངས་དོན་འཁྱོལ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་གྲོས་མཐུན་སྔ་ཙམ་དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་པ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། བོད་ཀྱིས་དེ་བས་སྤུས་ལེགས་ཀྱི་ཞབས་འདེགས་ལ་བརྟེན་ནས་ཀུང་སི་བོད་དུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ་གཉིས་ཁེ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡའོ་ཀྲེན་ཧྭ་ཡིས་གྲོས་མཐུན་གྱི་ནང་དོན་ལག་བསྟར་ནན་ཏན་བྱེད་པ་དང་། ལས་དོན་ཆེད་དོན་ཚན་ཁག་འཛུགས་པ། ཕྱོགས་གཉིས་པོའི་འབྲེལ་གཏུག་དང་ཕྱོགས་ཡོངས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ལས་དོན་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བཅས་བྱས་ནས་བོད་ཀྱི་ཐོན་ལས་བཀོད་ཇུས་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།