《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月01日

དངུལ་རྩའི་ཞབས་ཞུས་དམངས་ལ་ཕན་བདེ་བསྐྲུན་པ།

→ འདི་ནི་རྫོང་ཞིང་ལས་དངུལ་ཁང་གི་འགན་འཁུར་བས་ཞིང་དུད་ལ་བྱང་བུ་སྤྲོད་བཞིན་པ། ཉེ་ཆར་ཞིང་ལས་དངུལ་ཁང་འདམ་གཞུང་རྫོང་ཉིང་ལག་དངུལ་ཁང་གིས་ཀོང་ཐང་ཤང་དང་། གནམ་མཚོ་ཤང་། ལུང་རིང་ཤང་། དབུ་མ་ཐང་ཤང་བཅས་ཀྱི་འཐུས་མི་གདན་དྲངས་ནས་ཁག་གཉིས་པའི་ཞིང་ཕན་Eཡི་དངུལ་བུན་གཏོང་བའི་མཛད་སྒོ་དང་ཞིང་དུད་ཀྱི་དངུལ་རྩའི་ལས་སྒོའི་འོས་སྦྱོར་འདུ་ཚོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། རྫོང་ཞིང་ལས་དངུལ་ཁང་གི་འགན་འཁུར་བས་ཁག་གཉིས་པའི་ཞིང་ཕན་Eཡི་དངུལ་བུན་སྒོར་ཁྲི་50བཏང་བའི་ཞིང་དུད་12ལ་ས་གནས་ས་ཐོག་ཏུ་སྒོ་བྱང་སྤྲད་པ་དང་། ཞིང་དུད་ཀྱི་འཐུས་མིས་རང་ཉིད་ཀྱིས་ཞིང་ལས་དངུལ་ཁང་གི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་འོག་རིམ་བཞིན་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱེལ་བའི་བརྒྱུད་རིམ་མཉམ་སྤྱོད་བྱས་པ་རེད། བྱེད་སྒོ་སྤེལ་རིང་རྒྱ་ཆེའི་ཞིང་འབྲོག་པས་དངུལ་རྩའི་སྲིད་ཇུས་དང་དངུལ་རྩའི་ཐོན་རྫས་སྔར་བས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཏེ་ཁོང་ཚོས་དངུལ་རྩའི་ཐོན་རྫས་དང་དངུལ་རྩའི་ཞབས་ཞུ་དེ་བས་ནུས་ལྡན་ངང་སྤྱོད་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད། ← འདི་ནི་ཞིང་དུད་ཀྱི་མཉམ་པར་ཡིན་པ།