《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月01日

ཟླ་དང་པོ་ནས་བཞི་པ་བར་ལྷོ་ཁ་གྲོང་ཁྱེར་གྱིས་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་བའི་མ་དངུལ་སྒོར་ཁྲི་70ལྷག་ཙམ་སྤྲད་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་4ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་བཞི་པའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་བའི་མ་དངུལ་སྒོར་ཁྲི་71.676སྤྲད་པས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་35838ལ་ཕན་པ་ཐོབ་ཡོད་པ་རེད།

རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་གཞིར་བཟུང་། འདི་ལོའི་ཟླ་1ཚེས་1ཉིན་ནས་བཟུང་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོ་དངུལ་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་185ནས་སྒོར་205བར་མཐོ་རུ་བཏང་སྟེ་ཟླ་རེར་སྒོར་20འཕར་ཡོད། དམངས་ཕན་སྲིད་ཇུས་དེ་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱས་ནས་རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་ཚོར་ཐུབ་པ་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་གཉེར་སྒྲུབ་སྒྲིག་གཞིས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ཚད་གཞི་མཐོ་རུ་གཏོང་བའི་བླང་བྱར་ནན་པོར་གཞིགས་ཏེ། ལས་སྒོའི་ཁོངས་གཏོགས་བརྒྱུད་དུས་ཐོག་དང་གནད་ལ་འཁེལ་བའི་ངང་སྤྲོད་སའི་མི་གྲངས་བསྡོམས་རྩིས་བརྒྱབ་པ་མ་ཟད། རྫོང(ཆུས)ཁག་གིས་གོང་ཞུ་བྱས་པའི《ཐོབ་ཆ་ལེན་པའི་གཏོང་སྤྲོད་ཞིབ་མཆན་རེའུ་མིག》ལ་ཞིབ་བསྡུར་ནན་ཏན་བྱས་ནས་སྤྲོད་པའི་བརྒྱུད་རིམ་ལ་ཞིབ་བསྡུར་དང་སྤྲོད་པའི་བརྒྱུད་རིམ་ལ་ལྟ་སྐུལ་ནན་པོ་བྱས་ཏེ། ཚད་གཞི་མཐོ་རུ་གཏོང་བའི་དངུལ་གྲངས་དང་དུས་ཐོག་ཏུ་མང་ཚོགས་ལ་སྤྲོད་ཐུབ་པའི་འགན་ལེན་བྱས་ཡོད།