《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年05月01日

ཧོ་ཝུན་ཧའོ་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་བཅུ་པར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་བཅུ་པ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་སློབ་གསོ་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

ཧོ་ཝུན་ཧའོ་ཡིས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་སློབ་གསོ་བཅོས་སྒྲིག་གཞུང་དོན་ཁང་དང་དངོས་སྡོད་ས་ཚིགས་ཁག་གི་མཛུབ་ཁྲིད་ཚོགས་ཆུང་ལ། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཆབ་སྲིད་ལ་སྣང་ཆེན་གྱི་མཐོ་ཚད་ཐོག་ནས་བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་གཏོང་བ་དང་། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པའི་ཡིག་ཐོག་སྙན་ཞུའི་དག་ཐེར་དོན་འཁྱོལ་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ། གསེད་བཀྲོལ་ནན་ཏན་དང་། རིམ་པ་བཞིན་ཞིབ་འཇུག ནང་དོན་རེ་རེ་བཞིན་དོན་འཁྱོལ་བཅས་བྱས་ནས་དུས་བཀག་ལྟར་དག་ཐེར་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཧོ་ཝུན་ཧའོ་ཡིས་ཁོངས་མིའི་ཚན་པ་ཁག་གིས་ནུས་པ་འདོན་སྤེལ་བྱས་ནས་མཉམ་ཤུགས་ཆགས་པར་བྱེད་དགོས་པ་དང་། ལྗོངས་སློབ་གསོ་བཅོས་སྒྲིག་གཞུང་དོན་ཁང་གིས་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྣེ་ཁྲིད་སྒྲིག་འཛུགས་དང་། སྤྱི་འདོམས་མཐུན་སྦྱོར། ལྟ་སྐུལ་སྒྲུབ་གཉེར་དང་དོན་འཁྱོལ་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ། རིམ་ཁག་སློབ་གསོ་བཅོས་སྒྲིག་གཞུང་དོན་ཁང་གིས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་། རྩ་འཛུགས། ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་འཛུགས་དགོས་པ། གྲོང་ཁྱེར་དང་རྫོང་ཏང་ཨུད་དང་སྲིད་ཁྲིམས་ཚན་པ་ཁག་གི་ཏང་ཙུའུ(ཏང་ཨུད)ཡི་ཧྲུའུ་ཅིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས་པ། དངོས་སྡོད་ས་ཚིགས་ཁག་གི་མཛུབ་ཁྲིད་ཚོགས་ཆུང་གིས་འཛེམ་མེད་དམར་འདོན་བྱེད་ཕོད་དགོས་པ། གོང་འོག་སྦྲེལ་མཐུད་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱས་ནས་ལྗོངས་ཡོངས་ཀྱི་སློབ་གསོ་དག་ཐེར་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

(སྤེན་ཚེ་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)