《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོ་སློབ་གྲྭར་སྤེལ་བ།

“ལྔ་གཅིག”གུང་གསེང་གི་སྔ་ནུབ་ཏུ། ཧོ་པེ་ཞིང་ཆེན་ཝུའུ་ཨན་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་སློབ་ཆུང་དང་བུ་བཅོལ་ཁང་མང་པོར“འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོ་སློབ་གྲྭར་སྤེལ་བའི”བྱེད་སྒོ་སྤེལ་བ་རེད། འགྲིམ་འགྲུལ་ཉེན་རྟོག་པས་ས་གནས་ས་ཐོག་གི་གསལ་འགྲེལ་དང་། འགྲེམས་པང་སྟོན་པ། ཀློག་དེབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཕྲུ་གུ་ཚོར་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ་གུང་གསེང་རིང་བདེ་འཇགས་ངང་ཕྱིར་བསྐྱོད་རྒྱུར་རམ་འདེགས་བྱས་པ་རེད། འདི་ནི་ཧོ་པེ་ཞིང་ཆེན་ཝུའུ་ཨན་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་སློབ་ཆུང་སློབ་མ་ཚོར་འགྲིམ་འགྲུལ་བདེ་འཇགས་ཀྱི་མཚོན་རྟགས་འགྲེལ་བཤད་རྒྱག་བཞིན་པ།