《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

སྡེ་ཁུལ་གྲོང་མིའི་སྙིང་ཉེ་བའི་ཞབས་ཞུ་བ།

—— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཅིག་འཛུགས་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་སྐལ་བཟང་གི་སྐོར་བཀོད་པ།

ལོ་7རིང་ཉིན་གཅིག་ལྟར་གཉིས་ལྡན་དུད་སྦྲེལ་གྱི་དུད་ཚང་དུ་བསྐྱོད་དེ། བྱ་སྤྱོད་ངོ་མའི་ཐོག་ནས“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིའི་འགན་འཁྲི་ཁུར་ནས་སྲིད་ཇུས་དང་ཁྲིམས་སྲོལ་གྱི“སྒྲོག་འགྲེལ་པ”དང་། སྡེ་ཁུལ་གྱི་གནས་ཚུལ་དང་དམངས་ཀྱི་འདོད་ཚུལ་ལ“བརྟག་དཔྱད་བྱེད་མཁན” མང་ཚོགས་ཀྱི་བསམ་འཆར“བརྗོད་མཁན” འགལ་བ་དང་རྩོད་གཞི“འདུམ་འགྲིག་པ” དམངས་ཆེད་ལས་དོན་སྒྲུབ་པའི“ལས་ཚབ་པ” མང་ཚོཌ་ལ་ཞབས་འདེཌ་ཞུ་བའི“སྙིང་ཉེ་བ”བཅས་ནི་གཅིག་འཛུགས་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་སྐལ་བཟང་རེད།

འདི་ལོ་61ལ་སླེབས་པའི་སྐལ་བཟང་ནི་གཅིག་འཛུཌ་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་ཡིན་ཞིང་།

སྡེ་ཁུལ་དུ་ཁོང་གིས་ཁོངས་གཏོཌ་ཁུལ་གྱི་གཉིས་ལྡན་དུད་སྦྲེལ་གྱི་ཁོངས་མི་9དང་སྡེ་ཁུལ་གྱི་གྲོང་མི་དང་ཕྱོཌ་མི་58ལ་དོ་དམ་བྱེད་པའི་འགན་གཙོ་བོ་ཁུར་གྱི་ཡོད། 2013ལོར་བགྲེས་སོང་སྐལ་བཟང“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིར་བདམས་པ་ནས་བཟུང་། སྤྱི་མིའི་འགན་འཁྲི་ཡག་པོ་འཁུར་ཆེད། ཁོང་གིས་དུས་བཀག་ལྟར་གཉིས་ལྡན་དུད་སྦྲེལ་གྱི་དུད་ཚང་དུ་འཚམས་འདྲིར་བསྐྱོད་ནས། ཁོང་ཚོ་དང་སྙིང་གཏམ་ཤོད་རེས་བྱས་ཏེ་སྡེ་ཁུལ་གྱི་གནས་ཚུལ་དང་། དམངས་ཀྱི་འདོད་ཚུལ། དམངས་འཚོའི་བདེ་སྡུག་བཅས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ཏེ། ནུས་པས་ལྕོཌ་ཚོད་ཀྱིས་གྲོང་མིར་རོགས་རམ་བྱས་ནས་དོན་དངོས་དཀའ་ངལ་ཐག་གཅོད་བྱེད་པ་དང་སྦྲགས་གོང་རིམ་གྱི་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་སྡེ་ཁུལ་གྱི་གྲོང་མིར་དུས་ཐོག་ཏུ་བརྒྱུད་བསྒྲཌ་ཀྱང་བྱེད་ཀྱི་ཡོད།

ཁོང་གིས་ད་དུང་རང་ཉིད་ཀྱིས་ཤེས་པའི་གསོ་རིག་ཤེས་བྱ་དང་ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་ཁར། རང་ཉིད་ཀྱིས་དངུལ་བཏོན་ནས་སྡེ་ཁུལ་དུ་ཁང་པ་གླས་ཏེ། ལྗོངས་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་གྲོང་མི་མང་ཚོཌ་ལ་རིན་མེད་ངང་ན་ཚ་བལྟས་ནས། རང་ཉིད་ཀྱི་བྱམས་སེམས་དང་ལག་རྩལ་ལ་བརྟེན་ནས་གོས་དཀར་ལྷ་རྗེའི་བླ་ན་མེད་པའི་འགན་འཁྲི་བསྒྲུབས་ནས་གྲོང་མི་མང་ཚོཌ་ཀྱི་གཟུཌ་གཞི་བདེ་ཐང་ཡོང་བར་བྱེད་ཀྱི་ཡོད།

“ཉིན་ལྟར་ཞོགས་པའི་ཆུ་ཚོད་9པ་ནས་ཕྱི་དྲོའི་ཆུ་ཚོད་6པ་བར་བགྲེས་སོང་སྐལ་བཟང་གི་སྨན་ཁང་དུ་སྨན་པ་བསྟེན་པར་ཡོང་མཁན་ནད་པ་ཧ་ཅང་མང་པོ་ཡོད། བགྲེས་སོང་སྐལ་བཟང་གིས་ནད་པ་ཚང་མར་སེམས་རྩ་འཁོལ་པོས་ཁ་ཡ་བྱས་ནས་ངང་རྒྱུད་རིང་ཞིང་ཞིབ་ཚཌ་པོས་སྨན་བཅོས་བྱེད་པ་མ་ཟད། གོ་བདེ་ཤེས་སླའི་སྐད་ཆ་སྤྱད་ནས་ནད་པར་དོཌ་གཞི་སེལ་རོཌ་ཀྱང་བྱས་ཏེ་སྨན་གཏོང་སྟངས་དང་བདེ་ཐང་གི་མཛུབ་སྟོན་བྱེད་ཀྱི་ཡོད”ཅེས་གཅིག་འཛུཌ་སྡེ་ཁུལ་གྱི་དྲ་མིག་དང་པོའི་དྲ་མིག་དཔོན་བདེ་སྐྱིད་ཀྱིས་བཤད།

“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིའི་ལས་ཀ་ནི་རྒྱུན་དུ་སྐོར་གཡེང་དང་། སྡེ་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་ལ་དོ་དམ། སྡེ་ཁུལ་ལ་གཞོགས་འདེགས་བྱས་ནས་ཕྱོགས་མིའི་གནས་ཚུལ་ཐོ་འགོད་བྱེད་པ་སོགས་རེད། སྐལ་བཟང་གིས་རྒྱུན་དུ་སྐོར་གཡེང་བྱེད་སྐབས་མི་དང་། ས་ཆ། གནས་ཚུལ་བཅས་ལ་རྒྱུས་མངའ་ཆེ་བའི་རང་གི་ལེགས་ཆ་འདོན་སྤེལ་གང་ལེཌ་བྱས་ཏེ། ཁོངས་གཏོཌ་ཁུལ་ལ་གཞོཌ་འདེཌ་བྱས་ནས་འགལ་བ་དང་རྩོད་གཞི་འདུམ་འགྲིག་གི་ལས་དོན་གཏིང་ཟབ་སྤེལ་ནས་འགལ་བ་གཞི་རིམ་དུ་སེལ་བ་དང་གནད་དོན་ཐོན་མ་ཐག་ཐག་གཅོད་གང་ཐུབ་བྱེད་པ་དང་དུས་མཚུངས་སུ་སྐལ་བཟང་གིས་རྒྱུན་དུ་གྲོང་མི་དང་མཉམ་དུ་སྡེ་ཁུལ་ལ་འཕྲོད་བསྟེན་གཙང་སྦྲ་བྱས་ནས། སྡེ་ཁུལ་གྱི་གྲོང་མིས་དུས་བདེ་དང་ཞི་མཐུན་མཉམ་གཏོད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་པའི་རང་རྟོགས་རང་བཞིན་དང་། རང་འགུལ་རང་བཞིན། དེའི་ནང་ཞུཌ་རྒྱུ་བཅས་ལ་སྐུལ་སློང་བྱས་པས་སྡེ་ཁུལ་གྱི་ཁྱིམ་མཚེས་དབར་རོཌ་རེས་ཀྱི་རྣམ་པ་བཟང་པོ་ཞིག་ཆཌ་ཡོད། སྐལ་བཟང་གིས“གྲོང་མི་ཨུ་ལྷན་དང་གྲོང་མིས་ང་རང‘གཉིས་ལྡན་དུད་སྦྲེལ’གྱི་སྤྱི་མིར་བདམས་པས་དགའ་ཚོར་ཆེན་པོ་བྱུང་ལ་སྤོབས་པའང་སྐྱེ་ཡི་འདུག ཕྱིས་འབྱུང་ངས‘གཉིས་ལྡན་དུད་སྦྲེལ’གྱི་སྤྱི་མིའི་ནུས་པ་ཡག་པོ་བཏོན་ནས་གྲོང་མིར་ཞབས་འདེཌ་ཞུ་བའི་འགན་འཁྲི་ཡག་པོ་འཁུར་རྒྱུ་ཡིན”ཞེས་བརྗོད།