《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

རྩྭ་ཆུ་འཛོམས་པས་ནོར་ལུག་ཤ་ཤེད་རྒྱས་།

—— སྒར་རྫོང་དགུན་ས་ཤང་གིས་ཁང་ཏའོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་བརྟེན་ནས་དབུལ་སྒྲོལ་བྱུང་བའི་ཟུར་བྲིས།

འདི་ནི་ཁང་ཏའོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་གཉེར་བའི་ཚོང་ཁང་གི་ཚོང་ལས་དར་ཞིང་ཉོ་ཆ་རྒྱག་མཁན་མང་བ།

མངའ་རིས་ས་ཁུལ་སྒར་རྫོང་དགུན་ས་ཤང་སྒར་གྲོང་གསར་ནི་སྒར་ཆུ་རྒྱུག་ཁུལ་དུ་གནས་པ་དང་ས་བབ་ཁོད་སྙོམས་ལ་རྩྭ་ཆུ་ཧ་ཅང་བཟང་པོ་ཡོད།

ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ལ་དམིགས་ཏེ། 2005ལོ་ནས་བཟུང་སྒར་རྫོང་གིས་དེ་གར་དགུན་ས་ཞིང་འབྲོག་ཚན་རྩལ་དཔེ་སྟོན་གླིང་བསྐྲུན་པ་དང་ལོ་10ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་6000ལྷག་ཙམ་བཏང་སྟེ་མི་ཐབས་ལ་བརྟེན་ནས་རྩྭ་མུའུ་12220བཏབ་པའི་ཁྲོད་འབུ་སུ་ཧང་སྨུག་པོ་མུའུ་9520ཡོད་པ་དང་། སྒར་གྲོང་གསར་གྱི་ཞིང་ཆུ་འདྲེན་ཁུལ་འདུ་འགོད་དང་། སོག་སྨད་ཞིང་ཆུ་འདྲེན་ཁུལ་འདུ་འགོད། གཟན་རྩྭ་དང་གཟན་ཆག་རྟེན་གཞིའི་རྣམ་གྲངས་བཅས་ལག་ལེན་བསྟར་ནས་ཞིང་ཆུ་འདྲེན་ཁྱོན་མུའུ་33713མང་དུ་བཏང་བ་དང་། མུའུ་5521ལེགས་སུ་བཏང་ཡོད། མ་དངུལ་སྒོར་ཁྲི་500བཏང་ནས་སྒར་གྲོང་གསར་དུ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་དང་ཞིང་ཆུ་འདྲེན་གཏོང་གི་ལག་རྩལ་ཚོད་ལྟའི་ལས་དོན་སྤེལ་བ་དེ་མུའུ་960ལྷག་ཙམ་ལ་ཁྱབ་ནས་ཕན་འབྲས་བཟང་པོ་ཐོན་ཡོད། མ་དངུལ་སྒོར་ཁྲི་1100ལྷག་ཙམ་བཏང་ནས་དགུན་ས་ཤང་གི་བཞོན་མ་གསོ་ཚཌ་རྟེན་གཞི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ལེཌ་སྒྲུབ་བྱས་པ་དང་མིག་སྔར་བཞོན་མ་565ཡོད་པ་རེད།

2011ལོར་སྒར་གྲོང་གསར་གྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་དགུན་ས་ཞིང་འབྲོག་ཚན་རྩལ་དཔེ་སྟོན་གླིང་ལ་བརྟེན་ནས་ཁང་ཏའོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། དུད་ཚང་219ཡི་མི་628མ་རྐང་ནང་ཞུགས་སུ་བཅུག་པ། མང་ཚོགས་ཀྱི་མི་ཤུགས་དང་། ཞིང་ལས་ཡོ་ཆས། རྩྭ་ཐང་། རྨོ་ཞིང་། ཕྱུགས་རིཌ་སོགས་སྤྱོད་ཆོག་པའི་ཐོན་ཁུངས་མཉམ་ལས་ཁང་གི་གཅིག་གྱུར་དོ་དམ་བཀོད་སྒྲིག་ནང་བཅུག་ནས་གཅིག་སྡུད་དོ་དམ་དང་། གཅིག་གྱུར་བཀོད་སྒྲིག ལས་རྗེས་ཞིབ་དཔྱད། རྩོལ་བསྟུན་ཐོབ་སྤྲོད་བཅས་བྱས་པ་རེད། ལྷག་པར་དུ་འོ་མའི་ལས་སྣོན་བཟོ་གྲྭར་བཞོན་མ་315དང་འབྲི་གཡག་50ཡོད་པ་དང་། འོ་མ་དང་། ཕྱུ་ར། མར། ཞོ་སོགས་དཀར་ཆུའི་ཐོན་རྫས་གཉེར་སྐྱོང་བྱེད་ཀྱི་ཡོད། བྱེད་ཐབས་དེ་ཁོ་ནར་བརྟེན་ནས་གསོ་ཚགས་དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་8000ལྷག་ཙམ་ཟིན་གྱི་ཡོད། དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་འགོ་ཚུགས་ཚུན། མཉམ་ལས་ཁང་གིས་སྔ་རྗེས་སུ་དུས་ཐུང་རྒྱགས་གསོ་དང་། ཚོང་ཁང་། ཇ་ཁང་། འབྲོག་ཁྱིམ་སྤྲོ་སྐྱིད་ཁང་། འདོན་འཇུག་འཕྲུལ་འཁོར་བོགས་གཏོང་། འཛུགས་སྐྲུན་རྣམ་གྲངས་འགན་གཙང་། སྣུམ་མཛོད། སོ་ཕག་བཟོ་གྲྭ་སོགས་དངོས་གཞིའི་དཔལ་འབྱོར་དང་རྣམ་གྲངས་མང་པོ་འཕེལ་རྒྱས་བཏང་ཡོད།

སྒར་གྲོང་གསར་གྱི་དེ་སྔའི་དུད་ཚང་དབུལ་པོ་ཟླ་ཚེ་ནི་མཉམ་ལས་ཁང་གི་སྣེ་ཁྲིད་འོག་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བའི་དཔེ་མཚོན་ཞིག་རེད། དེ་སྔ་ཁོང་གིས་གང་སར་ལས་ཀ་ཙག་ཙིག་བྱས་ནས་ནང་མི་བཞི་པོ་འཚོ་ཐབས་བྱེད་ཀྱི་ཡོད། ལོ་ཧྲིལ་པོར་ཡོང་འབབ་སྒོར་ཁྲི་གཅིག་ཙམ་ལས་མེད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། 2011ལོར་ཟླ་ཚེ་མཉམ་ལས་ཁང་ནང་ཞུཌ་རྗེས་ལོ་དེ་རང་ལ་ཁེ་སྤོགས་རག་ནས་2019ལོར་མཉམ་ལས་ཁང་གིས་བྱེ་རྡོ་ར་བར་ལས་ཀ་བཀོད་སྒྲིག་བྱས་པ་དང་བཟའ་ཟླ་ཡང་མཉམ་ལས་ཁང་དུ་ལས་ཀ་བཀོད་སྒྲིག་བྱས་ཡོད། བཟའ་ཚོ་གཉིས་པོར་ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང་ནས་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།

ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་གསར་རྐྱང་ཉོ་ཐུབ་པ་བྱུང་བས་བཟའ་ཟླ་དང་ཕྲུ་གུ་ཚོ་ཧ་ཅང་དགའ་པོ་བྱུང་ཡོད། ཟླ་ཚེས་མྱོང་ཚོར་ཟབ་མོའི་ངང“གལ་སྲིད་མཉམ་ལས་ཁང་གི་སྐུལ་ཁྲིད་མེད་ཚེ་ང་ཚོའི་ནང་མི་རྣམས་ད་ཆ་ད་དུང་འཚོ་བ་སྐྱོ་པོར་ལུས་སྲིད་པས་ཏང་དང་སྲིད་གཞུང་གིས་ང་ཚོར་བསྒྲུབས་པའི་བྱ་བ་མཐའ་དག་ལ་ཐུཌ་རྗེ་ཆེ་ཞུ་རྒྱུ་ཡིན། འབྱུང་འགྱུར་གྱི་འཚོ་བ་སྔར་བས་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།

སྒར་གྲོང་གསར་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་མགོན་པོས་གསར་འགོད་པར། 2019ལོར་ཁང་ཏའོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཡོང་འབབ་ཁྱོན་སྒོར་ཁྲི་199ཟིན་ནས་དུད་ཚང་219ཡི་མང་ཚོཌ་628ལ་ཁེ་སྤོགས་སྒོར་ཁྲི་127བགོས་པ་དང་མི་རེར་ཆ་སྙོམས་སྒོར་2000ཡན་བྱུང་ཡོད། 2016ལོ་ནས་བཟུང་མཉམ་ལས་ཁང་གིས་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་དབུལ་པོ་35ཡི་མི་107དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པས་གྲོང་ཚོ་དེ་ཡོངས་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད་ཅེས་བཤད།

“ད་ཆ་སྒར་གྲོང་གསར་གྱི་ཁང་ཏའོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པའི་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་འཚོལ་ཞིབ་དང་འཕེལ་རྒྱས་བཏང་བས་ཞིང་འབྲོག་པའི་ངལ་ལས་འབབ་འཕར་དང་དབུལ་སྒྲོལ་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ནས་རྒྱ་ཆེའི་ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་ཡོད། གོམ་སྟབས་རྗེས་མར་མཉམ་ལས་ཁང་གིས་ཁྱོན་ཡོངས་ཀྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་མཉམ་ལས་ཁང་གི་ཐོན་ལས་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན”ཞེས་མགོན་པོས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།