《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

པར་རིས་གསར་འགྱུར།

ཉེ་དུས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའུ་དང་ཁྲེང་ཀོན་ཆུས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། ཁྲེང་ཀོན་ཆུས་ཤེས་དཔལ་གཞུང་ལས་ཁང་དང་ཁྲེང་ཀོན་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཉེར་འགན་འཁུར་བ། ཁྲེང་ཀོན་ཆུས་ཉང་བྲན་དོན་གཅོད་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སོའོ་དང་ཚེ་གསུམ་ཐང་སྡེ་ཁུལ(ཆུ་ཐོག་སྤྱི་གླིང)དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚུགས་ཀྱིས་གཞོགས་འདེགས་བྱས་པའི“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ངོ་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70”འཁོར་བར་རྟེན་འབྲེལ་ཞུ་བའི“གུང་ཁྲན་ཏང་སླེབས་རྗེས་སྡུག་བསྔལ་བདེ་ལ་གྱུར་སོང”ཞེས་པའི་བརྗོད་བྱའི“ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱས་ནས་ཞབས་འདེགས་ཞུ་བ་དང་གཤམ་སྤེལ་ལྔ་སྡེ་ཁུལ་དུ་བསྐྱོད་པ་བཞི་བཅས་ཀྱི་རིག་གནས་གཅིག་སྡུད་དྲིལ་བསྒྲགས”བྱེད་སྒོ་སྣེ་མང་ཕུན་སུམ་ཚོགས་པོ་སྤེལ་བར། རྒྱ་ཆེའི་གྲོང་མི་ཚོས་དགའ་བསུ་ཆེན་པོ་ཐོབ་ཅིང་། དེ་ལས་ཁྲེང་ཀོན་ཆུས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ་མཚོན་གྱི་ཡོད།

འདི་ནི་ཞོལ་པ་ལྷ་མོའི་རིག་རྩལ་རུ་ཁག་གིས་སེ་ར་ལམ་ཆུ་ཐོག་སྤྱི་གླིང་དུ་སྐལ་བཟང་གཡང་ཆགས་ཞེས་པའི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་ཡོད་པ། (ཨོ་རྒྱན་ཚེ་རིང་གིས་འཕྲིན་སྤེལ་བྱས)