《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

རང་ལྗོངས་ཀྱི་ཁེ་ལས་34“སྤྲིན་ཚོམ”གྱི་ཀོང་ཀྲོའུ་ཚོང་འདུས་ལ་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་སྐབས་129པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་འདུས(ཀོང་ཀྲོའུ་ཚོང་འདུས)མུ་མཐུད“སྤྲིན་ཚོམ”ལ་བརྟེན་ནས་འཚོགས་ཤིང་། དེས་རང་ལྗོངས་ཀྱི་ཁེ་ལས་ལ་འགྲེམས་སྟོན་དྲིལ་བསྒྲགས་ཀྱི་ལས་སྟེགས་མཁོ་འདོན་བྱས་པ་མ་ཟད། ཚོང་ལས་ཀྱི་གོ་སྐབས་གསར་པའང་བཏོད་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། རང་ལྗོངས་ཀྱི་འགྲེམས་ཞུགས་ཁེ་ལས་ལ་རིམ་རྩིས་བྱས་ན་ཨ་སྒོར་ཁྲི་60.1ཟིན་པའི་རྒྱལ་ཁབ་ཕྱི་ནང་གི་འདོད་འདུན་མངགས་ཐོ་རག་ཡོད་པ་རེད།

འགྲེམས་ཚོགས་རིང་རང་ལྗོངས་ཀྱི་འགྲེམས་ཞུགས་ཁེ་ལས་ཀྱིས་ཐད་གཏོང་དང་། ཕབ་གཏོང་། སྤྲིན་ཚོམ་འགྲེམས་སྟོན་ཚོམས་ཆེན་གྱི་དྲ་ཐོག་སྦྲེལ་མཐུད་ངོ་འཕྲད་གྲོས་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད། གོ་ལ་ཧྲིལ་པོའི་ཉོ་སྒྲུབ་ཚོང་པར་བོད་ཀྱི་ཡུལ་ཟོག་འགྲེམས་སྟོན་བྱས་པ་དང་ཐེངས་དང་པོ་ཐོན་རྫས་གསར་པ་མང་པོ་བཀྲམ་པས་རང་ཡུལ་ཅན་དང་། སྤུས་རྟགས་ཅན། ཁྱད་ལྡན་ཅན་བཅས་གཙོ་རྒྱུན་དུ་གྱུར་ཡོད་པ་རེད།