《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རྒྱལ་ཁབ་ལྕགས་ལམ་ཅུས་ལན་ཀྲོའུ་ལྕགས་ལམ་ལྟ་འདོམས་ཅུས་ཀྱི་འགོ་ཁྲིད་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཚེས་27ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་ལྕགས་ལམ་ལམ་སྲུང་མཉམ་འགོག་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧོ་ཝུན་ཧའོ་ཡིས་རྒྱལ་ཁབ་ལྕགས་ལམ་ཅུས་ལན་ཀྲོའུ་ལྕགས་ལམ་ལྟ་འདོམས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཝང་ཕིང་བཅས་པ་དང་བཞུགས་མོལ་གནང་ཞིང་། བཞུགས་མོལ་ཚོགས་འདུའི་ཐོག་རང་ལྗོངས་ཀྱི་ལྕགས་ལམ་ལམ་སྲུང་གི་མཉམ་འགོག་ལས་དོན་དང་ལམ་རྒྱུད་ཀྱི་ཕྱི་རོལ་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་། ཝང་ཕིང་གིས་ལན་ཀྲོའུ་ལྕགས་ལམ་ལྟ་འདོམས་ཅུས་ཁོངས་གཏོགས་ཁུལ་གྱི་ལམ་སྲུང་ལས་དོན་དང་ལྕགས་ལམ་གྱི་ཕྱི་རོལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ངོ་སྤྲོད་གནང་བ་རེད།

ཧོ་ཝུན་ཧའོ་ཡིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཝང་ཕིང་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་ལྕགས་ལམ་ཅུས་ལན་ཀྲོའུ་ལྕགས་ལམ་ལྟ་འདོམས་ཅུས་ཀྱིས་བོད་ཀྱི་ལྕགས་ལམ་ལམ་སྲུང་ལས་དོན་ལ་མཛུབ་ཁྲིད་དང་རོགས་རམ་ཡུན་རིང་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ། སྐྲུན་བཞིན་པའི་ཁྲོན་བོད་ལྕགས་ལམ་བཅས་ནི་ཏང་ཀྲུང་དབྱང་གིས་ནུབ་རྒྱུད་ཐོན་འབྱེད་ཆེན་པོའི་འཐབ་ཇུས་ལག་ལེན་བསྟར་བ་དང་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་དང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་ཆེན། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཔལ་འབྱོར་གྱི་ལམ་ཐིག་དང་། མཐུན་སྒྲིལ་གྱི་ལམ་ཐིག སྐྱེ་ཁམས་ཀྱི་ལམ་ཐིག བདེ་སྐྱིད་ཀྱི་ལམ་ཐིག་བཅས་རེད་ཅེས་གསུངས་པ་རེད།