《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

མཉམ་ལས་ཁང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ།

ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་ཤེལ་དཀར་མོན་པ་གྲོང་ཚོ་ནི་མེ་ཏོག་རྫོང་དགའ་ལྡན་ཤང་ཀླུ་ཁུག་གྲོང་ཚོ་དང་མཁར་སྟེང་གྲོང་ཚོ་ནས་གནས་སྤོས་པ་ཞིག་རེད། 2016ལོར་སྲིད་གཞུང་གི་རྒྱབ་སྐྱོར་འོག་མང་ཚོགས་ཀྱིས་མ་དངུལ་བསྡུས་ནས་བོད་ཤོག་ལག་ཤེས་ཐོན་རྫས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། མཉམ་ལས་ཁང་གིས་གཙོ་བོ་བོད་ཤོག་ལས་སྣོན་དང་། ཐང་ག སྣག་ཚ། སྤོས། ཤིང་བརྐོས། བོད་ཤོག་ལག་ཤེས་ཐོན་རྫས་སོགས་འཚོང་གི་ཡོད། མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་བོད་ཤོག་ལག་ཤེས་ཐོན་རྫས་ལྗོངས་ནང་ཁུལ་དུ་བྲིན་ཁ་རྒྱུག་པ་མ་ཟད། ནང་སའི་ཞིང་ཆེན་མང་པོ་ཞིག་ཏུའང་བཙོངས་ཏེ་གྲོང་མི་སུམ་ཅུ་ལྷག་ཙམ་རང་ཁྱིམ་གྱི་སྒོ་འགྲམ་ནས་ལས་ཞུགས་བརྟན་པོ་ཐུབ་ཡོད།

འདི་ནི་མཉམ་ལས་ཁང་གི་ལས་མིས་ལག་ཤེས་ཐོན་རྫས་ཀྱི་བཟོ་རྩལ་ལེགས་སུ་གཏོང་བའི་སྐོར་ལ་སྤེལ་རེས་བྱེད་བཞིན་པ།