《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月30日

ཆེ་དགྲ་ལྷས་ལིན་ལི་བཅས་པ་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཚེས་27ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལི་ཡེ་ཚོགས་པ་ཧྭ་ལིན་འཛིན་ལོར་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིན་ལི་བཅས་པ་དང་བཞུགས་མོལ་གནང་སྟེ་ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་སྐོར་ལ་སྤེལ་རེས་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་དང་རེན་ཝུའེ་བཞུགས་མོལ་ལ་ཞུགས་པ་རེད།

ཆེ་དགྲ་ལྷས་ལིན་ལི་དང་བཅས་པ་རང་ལྗོངས་སུ་བརྟག་ཞིབ་ལ་ཕེབས་པར་དགའ་བསུ་ཞུས་གནང་བ་དང་། ཁོང་གིས་ལི་ཡེ་ཚོགས་པས“དཀྲིས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་ལྟར་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་གྱིས་ནུས་རྒྱུ་གཙང་མའི་ཐོན་ལས་དང་ལྗང་མདོག་བཟོ་ལས་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ཏེ་མཉམ་དུ་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་དགོས་པ་མ་ཟད། རྣམ་གྲངས་འཛུགས་སྐྲུན་བྱེད་པ་བརྒྱུད་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་མང་ཚོགས་དེ་བས་མང་བ་ལས་ཀར་བསྡུས་ནས་མི་རིགས་ཁག་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་ཐུགས་རེ་གནང་ཞིང་། ཁོང་གིས་མི་རིང་བའི་གོང་། རང་ལྗོངས་ཀྱིས་ཚོང་འགུགས་མ་འདྲེན་གཟིགས་སྐྱོང་སྲིད་ཇུས་ཀྱི་གཏན་འབེབས་འགའ་བཀྲམ་ཡོད། ང་ཚོས་སྔར་རྒྱུན་བཞིན་གཟིགས་སྐྱོང་སྲིད་ཇུས་ཚད་ལྡན་དང་སྤུས་ལེགས་ཀྱི་ཞབས་ཞུའི་ཐོག་ནས་མ་འཇོག་བྱེད་མཁན་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་ཤོས་ཤིག་བསྐྲུན་ཏེ་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ལིན་ལིས་ཁེ་ལས་ཀྱི་གཞི་རྩའི་གནས་ཚུལ་དང་འཕེལ་རྒྱས་ཀྱི་འཆར་གཞི་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། ཁོང་གིས་ད་ཆའི་བོད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པོ་མངོན་བཞིན་འདུག བོད་ཀྱི་དོན་དངོས་དང་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ཁག་དང་དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་གཉིས་ཕན་ཡོང་བར་སྐུལ་འདེད་བཏང་སྟེ་མཉམ་དུ་འཕེལ་རྒྱས་ཡོང་བ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།