《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月29日

བརྟག་ཞིབ་གཏིང་ཟབ་བྱས་ནས་གནས་ཚུལ་དངོས་མཐིལ་རྟོགས་བྱས་པ།

ཉེ་ཆར་རང་སྐྱོང་ལྗོངས་སྲིད་གྲོས་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་མལ་གྲོ་གུང་དཀར་རྫོང་དུ་བསྐྱོད་དེ། སྤྱི་པའི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་དང་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱེད་སྒོ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་དམིགས་ནས་ཆེད་དོན་བརྟག་ཞིབ་བྱས་པ་རེད། བརྟག་ཞིབ་ཚོགས་ཆུང་རྫོང་དེའི་སློབ་འབྲིང་གི་གཞོན་ནུ་ལོ་ཆུང་གི་བྱེད་སྒོའི་ལྟེ་གནས་དང་། རྫོང་སྲིད་གཞུང་ལས་ཁུངས་ཀྱི་ཁུལ་ཆུང་གི་ལན་ཆིའུ་སྤོ་ལོ་ཁང་དང་། ལུས་སྦྱོང་ཁང་། བྱ་སྒྲོའི་སྤོ་ལོ་ཁང་སོགས་སུ་བསྐྱོད་དེ《དམངས་ཡོངས་ལུས་སྦྱོང་གི་ལག་བསྟར་འཆར་གཞི》དང་དེ་བཞིན་དམངས་ཡོངས་ལུས་སྦྱོང་གི་འཆར་གཞི་དོན་འཁྱོལ་དང་ལག་བསྟར་བྱས་ཚུལ་དང་། དམངས་ཡོངས་ལུས་སྦྱོང་ལས་ཀའི་ལམ་སྲོལ་བཙུགས་ཡོད་མེད། ནུས་པ་འདོན་སྤེལ་བྱས་ཚུལ་བཅས་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། དམངས་ཡོངས་ལུས་སྦྱོང་བྱེད་སྒོ་སྤེལ་ཡུལ་གྱི་སྒྲིག་བཀོད་རྣམ་གྲངས་ཀྱི་འགྲོ་གྲོན་གཏོང་ཆ་དང་། སྤྱི་པའི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན། ཕྱི་ཕྱོགས་སུ་སྒོ་དབྱེ་བྱས་ཚུལ་སོགས་ཀྱི་ཐད་བརྟག་ཞིབ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་ཡང་བཏོན་པ་རེད།

འདི་ནི་བརྟག་ཞིབ་བྱ་ཡུལ་ཡིན།