《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月29日

རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་མི་འབོར་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་ཀྱི་ཏང་ཀྲི་པུས།

མང་ཚོགས་ཀྱི་སྒོ་རྩར་འོས་འགན་སྨན་བཅོས་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་མི་འབོར་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་ཀྱི་ཏང་ཀྲི་པུས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་སྐྱིད་སྡེ་ཁུལ་གྱི་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དུ་བསྐྱོད་དེ“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་བ། བྱ་བ་དངོས་སྒྲུབ་པ”ཞེས་པའི་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་སྨན་པས་མང་ཚོགས་ལ་ཁྲག་ཤེད་འཇལ་བ་དང་། རྩ་ལྟ་བ། ནད་རྟགས་འདྲི་བ། སྨན་སྤྲོད་པ་བཅས་བྱེད་པ་དང་། མང་ཚོགས་ལ་རྒྱུན་གཏན་བཟའ་འཐུང་ལ་དོ་སྣང་དང་། འོས་འཚམ་གྱི་ལུས་སྦྱོང་དང་གཉིད་ཉལ་བའི་གོམས་གཤིས་འཇགས་རྒྱུའི་མངགས་བྱ་བྱས་པ་མ་ཟད། འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཡུལ་དུ་སྒོར་8000རི་བའི་བོད་སྨན་དང་ཕྱི་ལུགས་སྨན་སྤྲད་པ་རེད། དེ་དང་ཆབས་ཅིག མང་ཚོགས་ལ་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་བཏང་སྟེ་སྡེ་ཁུལ་གྱི་གྲོང་མིའི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཆེད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ཞིང་འབྲོག་ཁུལ་དུ་ཏོག་གསར་རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་གྱི་བརྡ་ཆ་དང་དེ་བཞིན་དག་རྫས་དང་འགྱིག་གི་ལག་ཤུབས་སོགས་རིན་ཐང་སྒོར་ཁྲི་1.45ལྷག་ཙམ་ཟིན་པའི་དྲིལ་བསྒྲགས་དངོས་རྫས་སྣ་ཁ་18སྤྲད་པ་དང་ད་ཐེངས་ཀྱི་བྱེད་སྒོས་མང་ཚོགས་300ལྷག་ཙམ་ལ་ཕན་ཐོགས་པ་རེད།