《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月29日

《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་སྲོལ་ཡིག》གི་ལྗོངས་ཡོངས་ཀྱི་སྒྲོག་འགྲེལ་པའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཚེས་27ཉིན《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་སྲོལ་ཡིག》གི་ལྗོངས་ཡོངས་ཀྱི་སྒྲོག་འགྲེལ་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བསྟན་ཁོ་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

བསྟན་ཁོས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་སྲིད་ཇུས་ཀྱི་གཏན་འབེབས་ཁོང་དུ་ཆུད་པར་བྱེད་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་མི་རིགས་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་ཆོས་ལུགས་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ། “བདེ་ཐང་གཉིས”ལ་སྐུལ་འདེད་གཏོང་བ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་ཏང་ཕྱིའི་ཤེས་ཡོན་ཅན་གྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ། གཞི་རྟེན་དང་ལས་སྟེགས་གསར་གཏོད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པ། ཆབ་སྲིད་རང་བཞིན་དང་མཚོན་བྱེད་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། མི་སེམས་འགུག་ཐབས་དང་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཕྱི་རྒྱལ་གྱི་འཐབ་ཕྱོགས་གཅིག་གྱུར་དང་ཕྱིར་སྡོད་རང་མིའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཁྱབ་ཁོངས་ཁག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལས་འགན་གཙོ་བོ་དང་ཤུགས་རྒྱག་ས་གཙོ་བོ་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་དགོས་ཤིང་། 《སྲོལ་ཡིག》གི་གཏན་འབེབས་དང་ཡང་ཡང་བསྡུར་ནས། ཆབ་སྲིད་ཀྱི“ནུས་པ་གསུམ”ལ་ཞུན་བརྡར་ཧུར་ཐག་གིས། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། རྩ་བ་བརྟན་སྲུང་སྒོས་གསར་གཏོད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་ཆབ་སྲིད་ཀྱི་ནུས་པར་བརྟེན་ནས《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སོགས་བྱེད་སྒོའི་གཞི་རྟེན་དང་ཟུང་འབྲེལ་བྱས་ནས《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།