《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月29日

དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་འགོ་ཡག་པོ་བཙུགས་པ།

ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་475.72ཟིན་ནས་དུས་མཚུངས་ལས་17.5%འཕར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཚེས་27ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ལོའི་དུས་ཚིགས་དང་པོའི་རང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ངོ་སྤྲོད་བྱས་པ་དང་ལྗོངས་བསྡོམས་རྩིས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་འབྲེལ་ཡོད་སྟོན་གྲངས་གསལ་འབྲེལ་བྱས་པ་རེད།

གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར་རང་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་475.72ཟིན་ནས་དུས་མཚུངས་ལས་17.5%འཕར་ཡོད། དེའི་ཁྲོད་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་16.26ཟིན་ནས་དུས་མཚུངས་ལས་1.8%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་166.47ཟིན་ནས་དུས་མཚུངས་ལས་22.6%འཕར་བ། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་292.99ཟིན་ནས་དུས་མཚུངས་ལས་15.7%འཕར་ཡོད་པ་རེད། དཔལ་འབྱོར་འཁོར་རྒྱུག་གི་སྟོན་གྲངས་གཙོ་བོ་མངོན་གསལ་དོད་པོས་འཕར་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་བཙུགས་ཡོད་པ་རེད།