《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月27日

གཟའ་འཁོར་འདིའི་གནམ་གཤིས།

གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2021ལོའི་ཟླ་4ཚེས་26ཉིན་ནས་ཟླ་5ཚེས་2ཉིན་བར)

གཟའ་ཟླ་བར། ཉིང་ཁྲི་དང་། ལྷོ་ཁ། ནག་ཆུའི་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་སུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། ལྷ་ས་དང་གཞིས་རྩེའི་ལྷོ་རྒྱུད་དུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ།

གཟའ་མིག་དམར་དང་ལྷག་པར། ཉིང་ཁྲི་དང་ལྷོ་ཁར་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། ཆབ་མདོའི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ།

གཟའ་ཕུར་བུ་དང་པ་སངས་ལ་གཞིས་རྩེ་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། ལྷ་ས་དང་། ནག་ཆུ། ཉིང་ཁྲིའི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ།

གཟའ་མཇུག་ཏུ་ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ནག་ཆུའི་དབུས་ཤར་རྒྱུད་དང་། ཡར་ཀླུང་གཙང་པོའི་དབུས་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་སུ་གནམ་འཐིབ་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ།

གཟའ་འཁོར་འདིར་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་རྒྱུད་དུ་ལྷགས་པ་ཆེན་པོ་རིམ་པ་6ནས་7བར་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་ལུང་ཤུར་རྒྱུད་དུ་ལྷགས་པ་རིམ་པ་4ཙམ་རྒྱག་རྒྱུ།

གཉིས། གྲོས་འགོ

1.གཟའ་འཁོར་འདིར་རང་ལྗོངས་ཀྱི་དབུས་ཤར་རྒྱུད་དང་ལྷོ་རྒྱུད་དུ་ཆར་པ་དང་གངས་མང་བ་དང་ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་དང་འཁྱག་པ་ཐེབས་སླ་བས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་པ་དང་འབྲེལ་གངས་རྡིབ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེར་དོགས་ཟོན་བྱེད་དགོས།

2.གཟའ་འཁོར་འདིར་ལྷགས་པ་ཆེན་པོ་མང་བས་རླུང་འགོག་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་འབྲེལ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།