《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月27日

སྲོག་ཆགས་ལ་གཅེས་འཛིན་གྱིས།

ཟླ་4ཚེས་25ཉིན་ནི་འཛམ་གླིང་བྱ་ཁྱེའུ་ཉིན་མོ་རེད།

ཨོ་སི་ཁྲུ་ལི་ཡའི་རྒྱ་མཚོའི་འགྲམ་ གྱི་བྱ་ཁྱེའུ་སྐྱོབ་མཁན། འདི་ནི་མོ་སི་ཁོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩ་འཛུགས་ཀྱི་སྲོལ་གཏོད་པ་ཐེ་ལེ་ཤིས·ཝེར་ཤུན་གྱིས་ཨོ་སི་ཁྲུ་ལི་ཡའི་ཝི་ཁེ་ཐོ་རུའེ་ཡ་ཀྲོའུ་མོ་སི་ཝུའུ་ཏེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲོག་སྐྱོབ་ལྟེ་གནས་སུ་བྱ་ཁྱེའུ་ཆུང་ཆུང་ཞིག་སྐྱོབ་བཞིན་པ།

ནེའུ་ཙི་ལན་གྱི་ཏ་ཉི་ཏིང་དུ་བྱ་ཁྱེའུ་ སྔོ་ནག་ཚང་དུ་ལོག་པ། ཟླ་4ཚེས་25ཉིན་ནི་འཛམ་གླིང་བྱ་ཁྱེའུ་ཉིན་མོ་རེད། བྱ་ཁྱེའུ་སྔོ་ནག་ནི་ནེའུ་ཙི་ལན་དུ་ཁྱབ་རྒྱ་ཆེ་ཤོས་དང་གྲངས་འབོར་མང་ཤོས་ཀྱི་སྲོག་ཆགས་རིགས་ཤིག་རེད། བྱ་ཁྱེའུ་སྔོ་ནག་ནི་བྱ་ཁྱེའུ་ཁྱིམ་རྒྱུད་ལས་གཟུགས་ཆུང་ཤོས་ཀྱི་རིགས་ཤིག་རེད། བྱ་ཁྱེའུ་སྔོ་ནག་བློ་ཁོག་ཆུང་བས་རྟག་ཏུ་མི་དཀོན་པའི་ས་ཆར་སྡོད་ཀྱི་ཡོད། ཁོ་ཚོ་ཁྱུ་ཚོགས་བསྒྲིགས་ནས་ཉི་མ་མ་ཤར་གོང་རྒྱ་མཚོར་ཟས་རིགས་འཚོལ་བར་སྐྱོད་པ་དང་ཉི་མ་བཞུད་རྗེས་ཁྱུ་ཚོགསབསྒྲིགས་ནས་ཚང་དུ་ལོག་གི་ཡོད། དེར་བརྟེན་བྱ་ཁྱེའུ་སྔོ་ནག་མཐོང་བ་ནི་ལས་སླ་བའི་བྱ་བ་ཞིག་གཏན་ནས་མིན། འདི་ནི་ནེའུ་ཙི་ལན་གྱི་གླིང་ཕྲན་ལྷོ་མའི་ཏ་ཉི་ཏིང་སྲུང་སྐྱོང་ཁུལ་ནས་པར་བླངས་པའི་བྱ་ཁྱེའུ་སྔོ་ནག་ཡིན་པ།

ལྷོ་ཨ་ཧྥེ་རི་ཁའི་གྲམ་ཐང་གི་བྱ་ཁྱེའུ། ཟླ་4ཚེས་25ཉིན་ནི་འཛམ་གླིང་བྱ་ཁྱེའུ་ཉིན་མོ་རེད། ཨ་ཧྥེ་རི་ཁའི་བྱ་ཁྱེའུ་ནི་ལྷོ་ཨ་ཧྥེ་རི་ཁའི་མཚོ་རྒྱུད་ས་ཁུལ་གྱི་དམིགས་བསལ་སྲོག་ཆགས་ཤིག་རེད། འདས་ཟིན་པའི་དུས་རབས་གཅིག་རིང་མིའི་རིགས་ཀྱིས་བྱ་ཁྱེའུ་ཚད་བརྒལ་ངང་འཛིན་པ་དང་། འཚོ་གནས་ཁུལ་གྱི་འཚོ་བའི་ཁོར་ཡུག་འགྱུར་ལྡོག་ཕྱིན་པ་སོགས་ཀྱི་རྐྱེན་པས་བྱ་ཁྱེའུ་ཡི་གྲངས་འབོར་མགྱོགས་མྱུར་ཉུང་དུ་ཕྱིན་ཡོད། འདི་ནི་ཨ་ཧྥེ་རི་ཁའི་བྱ་ཁྱེའུ་ཁྱུ་གཅིག་ལྷོ་ཨ་ཧྥེ་རི་ཁའི་ཤིས་མོང་གྲོང་རྡལ་གྱི་བྱ་ཁྱེའུ་གྲམ་ཐང་དུ་སྐྱོད་བཞིན་པ།