《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月27日

འཛམ་གླིང་རིག་གནས་ཤུལ་བཞག་ནོར་བུ་གླིང་ཁའི་གསེར་ཟངས་རྒྱ་ཕིབས་ལ་གསེར་ཆུ་འབྱུག་པ་དང་ཐོག་ཁ་ཉམས་གསོའི་ལས་གྲྭ་འགོ་བཙུགས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། འཛམ་གླིང་རིག་གནས་ཤུལ་བཞག་ནོར་བུ་གླིང་ཁའི་གསེར་ཟངས་རྒྱ་ཕིབས་ལ་གསེར་ཆུ་འབྱུག་པ་དང་ཐོག་ཁ་ཉམས་གསོའི་ལས་གྲྭ་ཉེ་ཆར་ལས་འགོ་བཙུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ལས་གྲྭ་གཙོ་བོའི་ནང་ནོར་བུ་གླིང་ཁའི་གནའ་བོའི་སྐྲུན་དངོས་9ཡི་གསེར་ཟངས་རྒྱ་ཕིབས་དང་། ཐོག་ཁའི་ཨར་ཀ་དང་དེ་བཞིན་ཞོར་གཏོགས་ཀྱི་རིག་དངོས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུ་ཚུད་ཡོད།

ནོར་བུ་གླིང་ཁ་ནི་1751ལོར་བཞེངས་འགོ་ཚུགས་པ་དང་ཏཱ་ལའི་བླ་མ་རིམ་བྱོན་གྱི་དབྱར་དུས་ཀྱི་བཞུགས་གནས་ཡིན་ལ། བོད་ཀྱི་གཞི་ཁྱོན་ཆེ་ཤོས་དང་། རྫིག་ཉམས་དོད་ཤོས། གནའ་ཤུལ་མང་ཤོས་བཅས་ཀྱི་ཕོ་བྲང་ཞིག་རེད། 2001ལོར་འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་རྒྱ་སྐྱེད་རྣམ་གྲངས་ཡིན་པའི་ངོས་ནས་ནོར་བུ་གླིང་ཁ་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད།

ནོར་བུ་གླིང་ཁ་དོ་དམ་ཁྲུའུ་རིག་དངོས་ཁོའོ་ཡི་འགན་འཁུར་བ་སྤེན་པ་སྒྲོལ་མས་གསར་འགོད་པར། ལོ་མང་རིང་ཉི་མ་དང་ཆར་རླུང་སོགས་ཀྱིས་གཙེས་པས། མིག་སྔར་གནའ་བོའི་སྐྲུན་དངོས་ཀྱི་གསེར་ཟངས་རྒྱ་ཕིབས་དང་འབྲེལ་ཡོད་ཀྱི་ལྷན་སྦྱར་རིག་དངོས་དང་སྒྲིག་ཆས་ནག་པོར་གྱུར་པ་དང་ཆུ་འཛག་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་ཅེས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། ནོར་བུ་གླིང་ཁའི་གསེར་ཟངས་རྒྱ་ཕིབས་དང་ཐོག་ཁ་ཉམས་གསོའི་ལས་གྲྭར་རྒྱལ་ཁབ་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་ཁྲི་3868བཏང་བ་དང་། ལས་གྲྭས་སྤྱན་གསལ་ཕོ་བྲང་དང་། ཁམས་གསུམ་ཟིལ་གནོན། སྐལ་བཟང་བདེ་འཁྱིལ་ཕོ་བྲང་། ཕོ་བྲང་གསར་པ་སོགས་གནའ་བོའི་སྐྲུན་དངོས་9ཡི་སྨི་ངོས་གྲུ་855ལྷག་ཙམ་གྱི་གསེར་ཟངས་རྒྱ་ཕིབས་ལ་གསེར་ཆུ་བྱུགས་ནས་ཉམས་གསོ་བྱ་རྒྱུ་ཡིན་པ་དང་། སྨི་ངོས་གྲུ་ཁྲི་1ལྷག་ཟིན་པའི་ཐོག་ཁའི་ཨར་ཀ་དང་དེ་བཞིན་འབྲེལ་ཡོད་ཀྱི་ཞོར་གཏོགས་རིག་དངོས་དང་སྒྲིག་ཆས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུ་ཡིན་པ་རེད།

“ང་ཚོས་རིག་དངོས་སྲུང་སྐྱོབ་ཀྱི་རྩ་དོན་ལ་ནན་གྱིས་གཞིགས་ཏེ་རིག་དངོས་དང་གནའ་ཤུལ་ལ་སྐྱོན་མི་ཕོག་པ་གང་ཐུབ་བྱས་ནས་སྲུང་སྐྱོབ་དང་ཉམས་གསོ་བྱེད་པ་དང་ཆབས་ཅིག ལས་གྲྭའི་སྤུས་ཚད་དང་རིག་དངོས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། ང་ཚོས་ད་དུང་ཆེད་མངགས་ནོར་བུ་གླིང་ཁ་དོ་དམ་ཁྲུའུ་ཡི་ལས་དོན་མི་སྣ་དང་འདུ་ཁང་གི་དོ་དམ་པ་སོགས་མི་30ལས་གྲུབ་པའི་རྣམ་གྲངས་ལྟ་སྡོམ་ཚོགས་ཆུང་ཞིག་བཙུགས་ཏེ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུ་ཡིན”ཞེས་སྤེན་པ་སྒྲོལ་མས་བརྗོད།

(བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར། བསྟན་བློ་དང་སྒྲོན་ལགས་ཀྱིས་ཞུས)