《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月21日

རང་ལྗོངས་ཀྱིས“2021ལོའི་འགག་སྒོའི་ སྤུ་གྲིའི”ཆེད་དོན་བྱ་སྤྱོད་སྤེལ་བ།

དུས་ཚིགས་དང་པོར་ལྐོག་ཚོང་གྱོད་གཞི་5རྩད་ཆོད་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་430ལྷག་ཙམ་ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་19ཉིན་གནས་ཚུལ་འབྱོར་གསལ། འདི་ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ལྐོག་ཚོང་རྡུང་རྡེག་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ“2021ལོའི་འགག་སྒོའི་སྤུ་གྲིའི”ཆེད་དོན་བྱ་སྤྱོད་སྤེལ་བ་རེད། 2021ལོའི་དུས་ཚིགས་དང་པོར་ཁྱོན་ལྐོག་ཚོང་གྱོད་གཞི་5རྩད་ཆོད་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་430ལྷག་ཙམ་ཟིན་ཡོད།

ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ལས་དོན་ཡག་པོ་སྒྲུབ་ཆེད་གཞིས་རྩེ་དང་ཉིང་ཁྲིའི་ལྐོག་ཚོང་རྡུང་རྡེག་གཞུང་ལས་ཁང་གིས་བྱ་སྤྱོད་ཇུས་གཞི་བཟོས་ནས་ཕྱི་རྒྱལ་གྱི་གད་སྙིགས་མངའ་ཁོངས་སུ་དབོར་འདྲེན་གཏན་འགོག་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཚོན་རྟགས་རང་བཞིན་གྱི་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱས་པ་རེད། ལྷ་ས་དང་། ལྷོ་ཁ། མངའ་རིས་བཅས་ཀྱི་ལྐོག་ཚོང་རྡུང་རྡེག་གཞུང་ལས་ཁང་གིས་བ་སོ་དང་། བསེ་རུའི་རྭ། ན་གི ལྕགས་རིགས་རྩ་ཆེན་སོགས་ལྐོག་ཚོང་དངོས་རྫས་ལ་དམིགས་ནས་འགག་སྒོ་བཙུགས་མེད་པའི་ས་ཆར་ལྐོག་འདྲེན་དང་ཟོག་འདྲེན་ཐབས་ལམ་རྫུན་མ་དང་སྦ་གསང་བྱེད་པ་སོགས་ཀྱི་ལྐོག་ཚོང་ཉེན་ཁར་དོགས་ཟོན་བྱས་པ་དང་། སྦྲག་བསྐུར་དང་། ཡུལ་སྐོར་ཞིབ་བཤེར། ཟོག་འདྲེན་སོགས་ཀྱི་ཐབས་ལམ་གཙོ་བོར་དམིགས་ནས་དོ་དམ་ནན་པོ་དང་རྡུང་རྡེག་ནན་པོ་གཏོང་བའི་བྱེད་ཐབས་རྒྱུན་འཁྱོངས་བྱས་པ་རེད།

ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་འོག་འགག་སྒོ་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས། ཁྲོམ་ར་ལྟ་འདོམས་ཅུས་སོགས་སྡེ་ཚན་གྱིས་འཁྱགས་རྫས་སྡེབ་ཚོང་ཁྲོམ་ར་དང་འཁྱག་མཛོད་ལ་མཉམ་འབྲེལ་ཐོག་ཞིབ་བཤེར་བྱས་ཏེ་འཁྱགས་རྫས་དང་མངར་ཆ་སོགས་ཞིང་ལས་ཐོན་རྫས་ལྐོག་ཚོང་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། རིམས་འགོག་ཁུལ་གྱི་འཁྱགས་རྫས་དང་ཚད་མ་ལོན་པའི་བཟའ་བཅའ་སོགས་ཀྱི་ལྐོག་ཚོང་ལ་དོགས་ཟོན་ནན་པོ་བྱས་ནས་རང་ལྗོངས་ཀྱི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱས་པ་རེད།