《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

ཧོ་པེ་ནས་འཇར་མན་ལ་ཐད་གཏོང་བྱེད་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་དེ་རྡོག་ཐོན་བྱས་པ།

ཉེ་ཆར། ཧོ་པེ་ནས་འཇར་མན་ལ་ཐད་གཏོང་བྱེད་པའི“ཅིས་ཡོ་རྟགས་ཅན”ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་དེ་ཧྲི་ཅ་ཀྲོང་རྒྱལ་སྤྱིའི་བབས་ཚུགས་ནས་དུང་བརྡ་གཏོང་བཞིན་འཇར་མན་གྱི་ཧན་པའོ་ཕྱོགས་སུ་རྡོག་ཐོན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ཅིས་ཡོ་རྟགས་ཅན”ཀྲུང་ཡོའི་དུས་གཏན་མེ་འཁོར(ཧྲི་ཅ་ཀྲོང་ནས་ཧན་པའོ་བར)ནང་ཚད་ལྡན་དོས་སྒམ་100བླུགས་པ་དང་། དངོས་ཟོག་གཙོ་བོ་ནི་འཕྲུལ་ཆས་ཀྱི་ལྷུ་ལག་དང་། ཁྱིམ་ཆས། གྱོན་ཆས། གློག་རྡུལ་ཐོན་རྫས་སོགས་ཡིན་ཞིང་། སྔོན་དཔག་བྱས་ན་ཉིན་18ཀྱི་རྗེས་ལ་འཇར་མན་གྱི་ཧན་པའོ་རུ་འབྱོར་རྒྱུ་ཡིན་པ་རེད།

འདི་ནི་ཧྲི་ཅ་ཀྲོང་གི་རྒྱལ་སྤྱིའི་བབས་ཚུགས་སུ་འཇར་མན་ཧན་པའོ་ཕྱོགས་སུ་གཏོང་རྩིས་ཡོད་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོན་ཉེར་ཡོད་པ།