《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

རང་རྒྱལ་གྱི་རྒྱ་མཚོ་སྒྲོལ་བའི་མྱུར་བགྲོད་ལྕགས་ལམ་ཐོག་མའི་ལམ་ཐིག་ཧྲིལ་པོའི་ཕུག་ལམ་རིང་ཤོས་ཏལ་འབིགས་ཐུབ་པ།

ཉེ་ཆར་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པའི་ཕུའུ་ཀྲོའུ་ནས་ཞ་མོན་བར་གྱི་ལས་གྲྭའི་དུམ་བུ་2པའི་རྣམ་གྲངས་པུས་སྐྲུན་འགན་ཁུར་བའི་ཕུའུ་ཀྲོའུ་ནས་ཞ་མོན་བར་གྱི་གསར་དུ་སྐྲུན་པའི་ལྕགས་ལམ་ལམ་ཐིག་ཧྲིལ་པོའི་ཕུག་ལམ་རིང་ཤོས་ཏེ་སྨི་10669ཟིན་པའི་ཡང་མེ་ཧྲན་རི་བོའི་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ་རེད། གསར་དུ་སྐྲུན་པའི་ཕུའུ་ཀྲོའུ་ནས་ཞ་མོན་བར་གྱི་ལྕགས་ལམ་ནི་རང་རྒྱལ་གྱི་རྒྱ་མཚོ་སྒྲོལ་བའི་མྱུར་བགྲོད་ལྕགས་ལམ་ཐོག་མ་ཡིན་པ་དང་། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་350ལྟར་འཆར་འགོད་བྱས་པ་དེ་2022ལོར་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།

འདི་ནི་གསར་དུ་སྐྲུན་པའི་ཕུའུ་ཀྲོའུ་ནས་ཞ་མོན་བར་གྱི་ལྕགས་ལམ་གྱི་ཡང་མེ་ཧྲན་རི་བོའི་ཕུག་ལམ་ཡིན་པ།