《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

རང་རྒྱལ་གྱི་དམངས་གཉེར་མ་རྐང་ཚོད་འཛིན་གྱི་མྱུར་བགྲོད་ལྕགས་ལམ་དང་པོར་གློག་སྐུད་འཁྲིད་འགོ་ཚུགས་པ།

ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུས་ཨར་བསྐྲུན་ནང་ཞུགས་པའི་ཧང་ཧྲའོ་ཐའེ་ལྕགས་ལམ་ཀྲེ་ཅང་ཐེན་ཐའེ་རྫོང་དུ་གློག་སྐུད་དང་པོ་དེ་འཁྲིད་འགོ་ཚུགས་པ་དེས་ཧང་ཧྲའོ་ཐའེ་ལྕགས་ལམ་གློག་རླངས་ལས་གྲྭ་དེ་ལྟེ་བའི་ལག་རྩལ་གྱི་ཨར་རྒྱག་དུས་མཚམས་སུ་སླེབས་པ་མཚོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཧང་ཧྲའོ་ཐའེ་ལྕགས་ལམ་གྱི་གློག་སྐུད་འཁྲིད་པ་དང་དེ་བཞིན་ལེགས་སྒྲིག་ཨར་རྒྱག་དེ་ཟླ་7པའི་ཟླ་མཇུག་ཏུ་ལེགས་གྲུབ་ཐུབ་བཟོ་ཡོད་པ་རེད།

ཧང་ཧྲའོ་ཐའེ་ལྕགས་ལམ་ནི་རང་རྒྱལ་གྱི་དམངས་གཉེར་མ་རྐང་ཚོད་འཛིན་གྱི་མྱུར་བགྲོད་ལྕགས་ལམ་གྱི་རྣམ་གྲངས་དང་པོ་ཡིན་པ་དང་ལམ་ཐིག་དེས་ཀྲེ་ཅང་ཧང་ཀྲོའུ་དང་། ཧྲའོ་ཤིང་། ཐའེ་ཀྲོའུ་བཅས་གསུམ་སྦྲེལ་བ་དང་མྱུར་ཚད་ལ་ཆུ་ཚོད་རེར་སྤྱི་ལེ་350འཆར་འགོད་བྱས་ཤིང་།

འདི་ནི་ཨར་རྒྱག་མི་སྣས་ཧང་ཧྲའོ་ཐའེ་ལྕགས་ལམ་ཐོག་གློག་སྐུད་འཁྲིད་བཞིན་པ།