《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ཀྲུང་གོར་ལྟ་བ།

སྦགས་མེད་འཕེལ་རྒྱས་ཀྱི་ནུས་རྒྱུ་གཙང་མས་འབྱུང་འགྱུར་བཏོད་པ།

ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་2019ལོའི་ཟླ་5པ་ནས་བཟུང་ནུས་རྒྱུ་གཙང་མའི་ཁོར་ཡུག་སྲུང་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་ཚོད་ལྟའི་བེད་སྤྱོད་བྱེད་འགོ་བཙུགས་པས། ཇོ་མོ་གླང་མའི་ས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་གི་དགོས་མཁོ་སྔར་བས་དོ་སྙོམས་ཡོང་ཐབས་བྱས་ཡོད། འདི་ནི་ཡུལ་སྐོར་བ་ཇོ་མོ་གླང་མའི་མཛེས་ལྗོངས་ཀྱི་རླངས་འཁོར་འཇོག་ས་ནས་ཁོར་ཡུག་སྲུང་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་དུ་འཛུལ་བཞིན་པ།

འདི་ནི་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་ནུབ་རྒྱུད་ཀྱི་སྤྱི་ལེ་20ཙམ་གྱི་སར་ཡོད་པའི“ཉི་ནུས་ཤེལ་ལེབ་ཀྱི་གློག་འདོན་ས་ཚིགས་ཆེ་ཤོས”སུ་གྲགས་པའི་ཚན་རྩལ་མཐོ་བའི་ཏུན་ཧོང་གི་ཀྲའོ་ཝ་100ཟིན་པའི་ཉི་ནུས་གློག་འདོན་ས་ཚིགས་ཡིན་པ།

འདི་ནི་ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་སན་ཅང་ཏུང་རིགས་རང་སྐྱོང་རྫོང་པ་ཅང་གྲོང་རྡལ་པུའུ་གཡང་གྲོང་ཚོར་ཉི་ནུས་ལམ་སྒྲོན་དང་ཐུན་རྔའི་ཐོག་ཁང་གི་ཉི་ནུས་མཛེས་རྒྱན་གློག་སྒྲོན་གྱིས་བརྒྱན་པའི་གྲོང་གསེབ་ཀྱི་མཚན་ལྗོངས་ཡིན་པ།

2018ལོ་ཚུན། ཨན་ཕིང་རྫོང་གིས་ཨ་ཤོམ་གྱི་སོག་མ་སོགས་ཞིང་ནགས་ཀྱི་བེད་མེད་སྙིགས་རོ་སྤྱད་ནས་ཚ་ནུས་འདོན་ཐབས་བྱས་པས། སྦགས་བཙོག་ཕྱིར་འབུད་ཉུང་དུ་ཕྱིན་པ་མ་ཟད། སྦགས་མེད་གྲོན་ཆུང་རྣམ་པའི་ནུས་རྒྱུ་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད། འདི་ནི་ཧོ་པེ་ཞིང་ཆེན་ཨན་ཕིང་རྫོང་གི་ཚ་ནུས་ཀུང་སིའི་ལས་མིས་དུད་ཚང་དུ་བསྐྱོད་དེ་ས་འོག་གི་དྲོད་ཚད་འཇལ་བཞིན་པ།

འདི་ནི་ཁ་བས་བཀླུབས་པའི་ཀུའེ་ཀྲོའུ་ཕན་རྫོང་སི་ཀེ་རླུང་ཤུགས་གློག་ཁང་ཡིན་པ།

རང་རྒྱལ་གྱིས་ནུས་རྒྱུ་གསར་པ་དང་བསྐྱར་སྐྱེ་ནུས་རྒྱུ་མགྱོགས་མྱུར་འཕེལ་རྒྱས་བཏང་བས། ནུས་རྒྱུའི་འཛད་སྤྱོད་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་། ནུས་རྒྱུའི་སྦགས་མེད་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་ཐུབ་པ། ནུས་རྒྱུ་གཙང་མའི་འཛད་སྤྱོད་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། བསྐྱར་སྐྱེ་ནུས་རྒྱུ་འདོན་ཚད་མགྱོགས་མྱུར་འཕར་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད་གཞིར་བཟུང་། རང་རྒྱལ་གྱིས་ནུས་རྒྱུ་གཙང་མའི་ཐཱན་ཉུང་གི་བདེ་འཇགས་ནུས་ཆེའི་བེད་སྤྱོད་ལ་སྐུལ་འདེད་དང་ནུས་རྒྱུ་གསར་པ་དང་སྔོ་ལྗང་ཁོར་ཡུག་སྲུང་སྐྱོང་སོགས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་སྦགས་མེད་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་བ་དུང་ཕྱུར་14ཡིས་སྦགས་མེད་འཕེལ་རྒྱས་ཀྱི་ལམ་དུ་བརྟན་པོ་བསྐྱོད་དེ། ཕ་ཚ་བུ་རྒྱུད་ཚོར་ནམ་མཁའ་སྔོན་པོ་དང་། ས་གཞི་སྔོ་ལྗང་། ཆུ་མོ་དྭངས་གཙང་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་སྐྲུན་བཞིན་ཡོད།