《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

རྒན་ཡོལ་ཞུ་མཁན་གྱི་རྒན་གསོའི་དངུལ་4.5%སྤར་བས་མི་དུང་ཕྱུར་1.2ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2021ལོར་རྒན་ཡོལ་ཞུ་མཁན་གྱི་རྒན་གསོའི་དངུལ་མུ་མཐུད་སྤར་ཡོད། ཉིན་ཤས་གོང་མི་སྤྱི་པུའུ་དང་ནོར་སྲིད་པུའུ་ཡིས《2021ལོའི་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་སྤོར་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་ནས་2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་། 2020ལོའི་ལོ་མཇུག་གོང་གཏན་འབེབས་ལྟར་རྒན་ཡོལ་ཞུ་བའི་འགྲོ་ལུགས་གཉེར་བ་མ་ཟད། ཟླ་རེ་བཞིན་གཞི་རྩའི་རྒན་གསོའི་དངུལ་ལེན་མཁན་གྱི་ཁེ་ལས་དང་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་མཐོ་རུ་བཏང་ཡོད། མཐོ་རུ་བཏང་བའི་སྤྱིའི་ཚད་གཞི་ནི་2020ལོར་རྒན་ཡོལ་ཞུས་པའི་མི་རེའི་ཟླ་རེའི་ཆ་སྙོམས་གཞི་རྩའི་རྒན་གསོའི་དངུལ་གྱི་4.5%ཡིན་པ་རེད། འདི་ནི་རྒྱལ་ཁབ་ཀྱིས་2005ལོ་ཚུན་དུ་ཁེ་ལས་ཀྱི་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་བསྟུད་མར་སྤར་བའི་ལོ་བཅུ་བདུན་པ་དེ་ཡིན་པ་དང་། སྔོན་དཔག་བྱས་ན་རྒན་ཡོལ་ཞུ་མཁན་དུང་ཕྱུར་1.2ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་རེད།

(བཀྲ་ཤིས་ཚེ་དབང་གིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)