《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

རྒྱལ་ཡོངས་ཀྱི་གཞོན་ནུའི་ཚན་རིག་ཁྱབ་གདལ་གྱི་གསར་གཏོད་ཚོད་ལྟ་དང་བརྩམས་ཆོས་འགྲན་བསྡུར་ཆེ་མོ(བོད་ལྗོངས་འགྲན་ཁུལ)སྐབས་བདུན་པ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་ཀྱི་གཞོན་ནུའི་ཚན་རིག་ཁྱབ་གདལ་གྱི་གསར་གཏོད་ཚོད་ལྟ་དང་བརྩམས་ཆོས་འགྲན་བསྡུར་ཆེ་མོ(བོད་ལྗོངས་འགྲན་ཁུལ)སྐབས་བདུན་པ་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་པ་རེད། “འབྱུང་འགྱུར་གྱི་སློབ་གསོ”དང་། “རིག་ནུས་ཚོད་འཛིན”“སྐྱེ་དངོས་ཁོར་ཡུག”“རླུང་ནུས་བེད་སྤྱོད”སོགས་ཚན་རིག་ཁྱབ་གདལ་གྱི་གསར་གཏོད་ཁྱབ་ཁོངས་ཐད་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་གནས་ཁག་ནས་ཡོང་བའི་བདམས་ཐོན་པ་184ཡིས་རང་ཉིད་ཀྱི་གསར་རྩོམ་བརྩམས་ཆོས་དང་ཚན་རིག་ཁྱབ་གདལ་གྱི་ཚོད་ལྟར་བརྟེན་ནས་འགྲན་བསྡུར་འཁྲུག་པོ་ཞིག་བྱས་པ་རེད།