《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

—— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་སྤེན་པ་མཚམས་གཅོད།

འདི་ནི་སྤེན་པ་མཚམས་གཅོད་དང་ཚ་བོ། ཚ་བོའི་མནའ་མ་བཅས་ཀྱི་མཉམ་པར་ཡིན་པ།

འདི་ནི་སྤེན་པ་མཚམས་གཅོད་ཡིན་པ།

འདི་ལོར་ལོ་92ལ་སླེབས་པའི་སྤེན་པ་མཚམས་གཅོད་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་འབུམ་མོ་ཆེ་སྡེ་ཁུལ་གྱི་གྲོང་མི་རེད། བོད་རྙིང་པར་སྤེན་པ་མཚམས་གཅོད་ཁྱིམ་གྱི་མི་རབས་མང་པོ་ཞིང་བྲན་ཡིན་པ་དང་། ཆུང་དུས་ཁོང་གིས་ཞིང་བྲན་བདག་པོའི་ཁྱིམ་གྱི་གླིང་ཁ་སྲུང་དགོས་ཀྱི་ཡོད། ཞིང་བྲན་བདག་པོའི་གླིང་ཁ་སྲུང་རིང་རང་ཉིད་ལ་དབང་བའི་ཤིང་རྐང་གཅིག་ཀྱང་མེད་ནའང་། གྲོད་པ་ལྟོགས་བཞིན་དུ་ཤིང་འཛུགས་པ་དང་ཆུ་གཏོང་དགོས་ཀྱི་ཡོད།

སྤེན་པ་མཚམས་གཅོད་ཀྱིས“ལྕང་མ་ང་ཡིས་བཏབ་ཡོད། ལྕང་ཆུ་ང་ཡིས་བཏང་ཡོད། ལྕང་མའི་བསིལ་གྲིབ་འོག་ལ། སྡོད་མཁན་དཔོན་པོ་སླེབས་བྱུང”ཞེས་པ་ཚང་མའི་ཁ་ལ་འཇགས་ཡོད་ཅེས་བཤད།

ད་ཆ་སྤེན་པ་མཚམས་གཅོད་ཀྱི་ཁྱིམ་དུ་མི་རབས་བཞི་མཉམ་དུ་འཛོམས་ཤིང་། བུ་ཕྲུག་ཚོས་ཁྱིམ་ཐབས་བཟུང་ནས་ལས་ལ་གཞོལ་ཏེ་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བཞིན་ཡོད། སྤེན་པ་མཚམས་གཅོད་ཀྱིས“གུང་ཁྲན་ཏང་ནི་ལྗོན་པ་ཆེན་པོ་ཞིག་དང་འདྲ་བར་མི་སེར་ཚོར་ཆར་པ་དང་རླུང་འཚུབ་འགོག་གི་ཡོད། ངས་ད་དུང་ལོ་འགའ་བསྡད་ནས་འཚོ་བ་སྐྱིད་པོ་རོལ་འདོད་ལ། བུ་ཕྲུག་དག་དགའ་དགའ་སྤྲོ་སྤྲོའི་ངང་སྡོད་པར་ཡང་ལྟ་འདོད”ཅེས་བཤད།