《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

ཁྲུང་ཆིང་གྲོང་ཁྱེར་གྱིས་གྲོང་ཁྱེར་སྤྱི་གླིང་དུ“འདབ་ཆགས་ལ་དགའ་ཞེན་དང་སྲུང་སྐྱོང”བྱེད་པའི་བྱེད་སྒོ་སྤེལ་བ།

ཉེ་ཆར། 2021ལོའི་ཁྲུང་ཆིང་གྲོང་ཁྱེར་གྱི་འདབ་ཆགས་ལ་དགའ་ཞེན་བྱེད་པའི་གཟའ་འཁོར་སྐབས་25པའི་གྲོང་ཁྱེར་སྤྱི་གླིང་གི“འདབ་ཆགས་ལ་དགའ་ཞེན་དང་སྲུང་སྐྱོང”བྱེད་པའི་བྱེད་སྒོ་ཁྲུང་ཆིང་སྲོག་ཆགས་གླིང་དང་། ཁྲུང་ཆིང་ནན་ཧྲན་རྩི་ཤིང་གླིང་། ཁྲུང་ཆིང་ལྡུམ་རའི་སྒྱུ་རྩལ་དངོས་མང་གླིང་བཅས་སུ་དུས་མཉམ་དུ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོ་སྤེལ་ས་གཙོ་བོ་ཁྲུང་ཆིང་སྲོག་ཆགས་གླིང་དུ་བཀོད་སྒྲིག་བྱས་པ་དང་། བྱེད་སྒོར་འདབ་ཆགས་རིགས་སྲུང་སྐྱོང་གི་ཚན་རིག་ཁྱབ་གདལ་འགྲེམས་སྟོན་དང་། འདབ་ཆགས་རིགས་དང་དེ་བཞིན་སྒོ་ངའི་དངོས་དཔེ་འགྲེམས་སྟོན། འདབ་ཆགས་འགྲེམས་ཁང་གི་ཚན་རིག་ཤེས་བྱ་ཁྱབ་གདལ་སྒྲོག་འགྲེལ་སོགས་ཚུད་ཡོད། འདི་ནི་གྲོགས་པོ་ཆུང་ཆུང་ཞིག་གིས་འདབ་ཆགས་ཀྱི་དངོས་དཔེར་ལྟ་བཞིན་པ།