《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

སྤྱིར་བཏང་མིན་པའི་ལོ་ཟླར་དྲན་གསོ་བྱེད།

—— དངོས་མཚོན་གློག་བརྙན《ང་ནི་དམག་སྡེ་བཅོ་བརྒྱད་པ་ཡིན》ཞེས་པའི་ནང་རྒན་རྒོན་བདུན་ཅུས་ངག་ཐོག་ནས་བརྗོད་པའི་ལོ་རྒྱུས་ཟིན་ཐོར་བཀོད་པ།

ལོ་70ཡི་གོང་གི་བརྗེད་པར་དཀའ་བའི་ལོ་རྒྱུས་དུམ་བུ་ཞིག་མི་རབས་ཤིག་གི་སེམས་ཁོངས་སུ་གནས་ཏེ་ནམ་ཡང་ཉམས་པ་མེད་པར་དུས་རབས་ཀྱི་འགྱུར་མེད་ཀྱི་དྲན་གསོ་ཤེས་སུ་གྱུར་ཡོད། དེ་ནི་ཟིལ་རླབས་དགུང་འཕྱུར་གྱི་ལོ་ཟླ་ཞིག་ཡིན་ལ། བརྗེད་པར་དཀའ་བའི་ལོ་རྒྱུས་ཤིག་དེ་བས་ཀྱང་ཡིན། 2016ལོ་དང་2018ལོར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་དུས་ཐེངས་གཉིས་ལ་དབྱེ་ནས་བོད་ཀྱི་གསར་བརྗེའི་རིག་གནས་ཀྱི་མུ་འབྲེལ་དངོས་མཚོན་གློག་བརྙན《ང་ནི་དམག་སྡེ་བཅོ་བརྒྱད་པ་ཡིན》ཞེས་པ་ལེགས་གྲུབ་བྱས་ཏེ། དེ་སྔོན་གྱི་བོད་སྐྱོད་དཔོན་དམག་ཁྲོད་ཀྱི་སྐུ་འཚོ་བཞུགས་ཀྱི་རྒན་རྒོན་50ཡིས་ངག་ཐོག་ནས་བརྗོད་པའི་ལོ་རྒྱུས་ཟིན་ཐོར་བཀོད་ཡོད།

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཀོན་ཀྲང་གཞོན་ན་ཀན་ཏི་ཡིས་ངག་ཐོག་ནས་ལོ་རྒྱུས་བརྗོད་པའི་ཐབས་ཤེས་དེ་ནི་ཟིན་ཐོར་བསྟུན་རྒྱུ་རྒྱུན་འཁྱོངས་བྱེད་པའི་དམིགས་ཡུལ་ཞིག་རེད། “མཐར་ངག་ཐོག་ནས་ལོ་རྒྱུས་བརྗོད་པའི་དངོས་མཚོན་གློག་བརྙན་བཟོ་རིང་སི་ཁྲོན་དང་། མཚོ་སྔོན། ཤིན་ཅང་། ཡུན་ནན་བཅས་ཕྱོགས་བཞི་ནས་བོད་དུ་སྐྱོད་མཁན་གྱི་དཔོན་དམག་70ལ་བཅར་འདྲི་བྱས་པ་དང་། དེའི་ནང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཨང་དང་པོ་དམག་སྡེ་བཅོ་བརྒྱད་པའི་ཧྲི་ཤོག་52ཀྱི་ཆབ་སྲིད་ཨུ་ཡོན་གཞོན་པ་དབྱིང་ཧྥ་ཐང་སོགས་ཚུད་ཡོད། པར་ལེན་སྒྲིག་བཟོ་ཚོགས་ཆུང་གིས་སི་ཁྲོན་དང་། ཀན་སུའུ། པེ་ཅིང་། ཧྲའན་ཤིས་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་བསྐྱོད་དེ་མྱུལ་ཞིབ་དམག་མི་དང་། རིག་རྩལ་དམག་མི། འཕྲོད་བསྟེན་དམག་མི། འཕྲིན་གཏོང་དམག་མི། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འཐབ་འཛིང་པ་སོགས་ཚུད་པའི་ལས་གནས་མི་འདྲ་བའི་འཐབ་འཛིང་པ་དཀྱུས་མར་བཅར་འདྲི་བྱས་ཡོད། དངོས་མཚོན་གློག་བརྙན་དེ་ཁྱབ་ཁོངས་ཁག་ལ་ཁྱབ་གང་ཐུབ་བྱས་པ་དང་། དེའི་དམིགས་ཡུལ་ནི་ཟུར་ཚད་དང་མཐོང་སྣང་མང་པོའི་ཐོག་ནས་ལོ་རྒྱུས་བསྐྱར་དུ་མངོན་པར་བྱ་རྒྱུ་དེ་ཡིན་ལ། ཚད་ལྡན་ཡིག་ཆ་བསྡུ་རུབ་དང་། ལེགས་སྒྲིག ཉར་ཚགས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བརྒྱུད་སྤེལ་བཅས་བྱེད་པའི་དཔེ་མཛོད་ཁང་གི་ལས་འགན་ལ་བསམ་གཞིག་གང་ལེགས་བྱས་ཏེ་རིན་ཐང་ཆེན་པོ་ལྡན་པའི་སྒྲ་ལམ་དང་བརྙན་ལམ་སོགས་སྣ་མང་སྨྱན་སྦྱོར་གྱི་ཉར་ཚགས་ཐོན་ཁུངས་ཕུན་སུམ་ཚོགས་སུ་བཏང་བ་ཞིག་རེད”

1950ལོའི་ཟླ་3པར་དམག་སྡེ་བཅོ་བརྒྱད་པའི་སྔོན་སྐྱོད་དཔུང་སྡེའི་མྱུལ་ཞིབ་དམག་མི་ལོ་19ལ་སླེབས་པའི་ཝང་ཀུའེ་ཡིས་དཔུང་སྡེ་ཡོངས་ཀྱི་མདུན་ཤོས་སུ་བསྐྱོད་ཡོད། ཝང་ཀུའེ་ནི་དམག་དོན་ཚན་རིག་ཁང་གི་དེ་སྔའི་ཞིབ་འཇུག་པ་དང་བོད་ཀྱི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཡིན་ལ། བོད་སྐད་ལ་ཐོགས་པ་མེད། དེ་སྔ་བོད་དུ་ལས་ཀ་ལོ་31གནང་མྱོང་། ཝང་ཀུའེ་ཡིས《ང་ནི་དམག་སྡེ་བཅོ་བརྒྱད་པ་ཡིན》ཞེས་པའི་ནང“དམག་དཔུང་བོད་དུ་སྐྱོད་པ་གཟི་བརྗིད་ཆེ”ཞེས་པ་ནས་འགོ་བཙུགས་ཏེ་དམག་དཔུང་དང་མཉམ་དུ་བོད་སྐྱོད་ཀྱི་མྱོང་བ་དངོས་གླེང་དུས་དགུང་ལོ་90ཙམ་ལ་སླེབས་པའི་རྒན་རྒོན་ཁོང་ལ་སྔར་བཞིན་སྤྲོ་སྣང་ཆེན་པོ་ལྡན་པ་མཐོང་ཐུབ།

དེ་སྔོན་དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་ཚོས་བོད་སྐད་ཚིག་གཅིག་ཀྱང་གོ་ཡི་མེད་ལ། ཤོད་དེ་བས་ཀྱང་ཤེས་ཀྱི་མེད་པ་ནས་ཕྱིས་སུ་ལག་བརྡ་བྱས་ཏེ་མི་སེར་དང་གོ་བརྡ་ཕྲན་བུ་འཕྲོད་པར་གྱུར་བ་དང་། དཔོན་དམག་མང་པོ་ཞིག་གིས་ད་དུང་བོད་ཡིག་ཀྱང་འབྲི་ཤེས་པར་གྱུར་ཞིང་། དེའི་ཁྲོད་ཝང་ཀུའེ་ནི་ཕུལ་དུ་བྱུང་བ་ཞིག་རེད། ཝང་ཀུའེ་ཡིས་དྲན་གསོ་བྱེད་བཞིན་དུ“སྐབས་དེ་དུས་ཤེས་མགྱོགས་ཤོས་དང་ཡག་ཤོས་འབྲི་མཁན་ནི་ང་ཚོ་མྱུལ་ཞིབ་ཁོའོ་རེད”དར་རྩེ་མདོ་དགེ་འོས་སློབ་གྲྭ་ནས་འཁྱེར་བའི《རྒྱ་བོད་ཚིག་མཛོད》ཚང་མས་གཡར་རེས་བྱས་ཏེ་བོད་ཡིག་སྦྱོང་བའི་སེམས་ཤུགས་ཧ་ཅང་ཆེན་པོ་ཡོད་ཅེས་གསུངས།

《ང་ནི་དམག་སྡེ་བཅོ་བརྒྱད་པ་ཡིན》ཞེས་པའི་ངག་ཐོག་ནས་ལོ་རྒྱུས་བརྗོད་པའི་གནས་ཚུལ་དངོས་མཚོན་གློག་བརྙན་གྱིས་ཐོག་མར་བཅར་འདྲི་བྱ་ཡུལ་མི་གྲངས་100ལ་གཏན་འཁེལ་བྱས་ཀྱང་། པར་ལེན་སྒྲིག་བཟོ་བྱེད་རིང་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་ཁག་གཅིག་སྔ་ས་ནས་སྐུ་གཤེགས་པ་དང་། སྐུ་འཚོ་བཞུགས་ཀྱི་རྒན་རྒོན་ཁག་གཅིག་དགུང་ལོ་ཤིན་ཏུ་མཐོ་བར་བརྟེན་བཅར་འདྲི་པར་ལེན་གྱི་ལས་འགན་གྲུབ་ཐབས་བྲལ་བས། མཐར་རྒན་རྒོན་70ལ་བཅར་འདྲི་ཞུས་པ་རེད། “ལོ་ན་བགྲེས་པ་ཚོ་ཕུད། བཅར་འདྲི་དང་ལེན་བྱེད་མཁན་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་རྣམས་རྒྱལ་ཡོངས་ས་ཕྱོགས་ཁག་ཏུ་བཞུགས་ཡོད་པ་དང་། དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་མང་པོ་ཞིག་གི་སྐུ་གཟུགས་ཀྱང་དེ་ཙམ་ཡག་པོ་མི་འདུག སྟབས་ལེགས་པ་ཞིག་ལ་བཅར་འདྲི་དང་ལེན་གནང་མཁན་གྱི་འཐབ་འཛིང་པ་རྒན་གྲས་ཚང་མས་གཞོགས་འདེགས་དམ་ཟབ་གནང་སྟེ་རང་ཉིད་ཀྱིས་དངོས་སུ་བརྒྱུད་མྱོང་བའི་འདས་དོན་གླེང་འདོད་ཆེན་པོ་གནང་གི་འདུག མིག་སྔར་ངག་ཐོག་ནས་ལོ་རྒྱུས་བརྗོད་པའི་གནས་ཚུལ་དངོས་མཚོན་གློག་བརྙན་པར་གཞི་དེ་རྒྱལ་ཡོངས་སྤྱི་པའི་རིག་གནས་འཕེལ་རྒྱས་ལྟེ་གནས་ཀྱི་ཆོག་མཆན་ཐོབ་རྗེས་སྤྱི་དམངས་ལ་བསྟན་རྒྱུ་རེད། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་ཏག་ཏག་འཁེལ་གྱི་ཡོད་པས། ང་ཚོས《ང་ནི་དམག་སྡེ་བཅོ་བརྒྱད་པ་ཡིན》ཞེས་པའི་ངག་ཐོག་ནས་ལོ་རྒྱུས་བརྗོད་པའི་གནས་ཚུལ་དངོས་མཚོན་གློག་བརྙན་ལ་དམིགས་ཏེ་དྲ་ཐོག་དང་དྲ་ཕྱིའི་ཆེད་དོན་འགྲེམས་སྟོན་གཉེར་རྩིས་ཡོད”ཅེས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ཐོན་ཁུངས་པུའུ་ཡི་ཀྲུའུ་རེན་གཞོན་པ་ལྕགས་ཐར་རྒྱལ་གྱིས་དེ་ལྟར་བརྗོད་བྱུང་།

(བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར། བསྟན་བློ་དང་སྒྲོན་ལགས་ཀྱིས་ཞུས)