《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་ཆེད་དོན་དག་ཐེར་ཚོགས་ཆུང་ཁག་གི་གནས་ཚུལ་སྙན་སེང་གསན་པ་དང་དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་སྤེལ་འགོ་ཚུགས་ཚུན། ཆེད་དོན་དག་ཐེར་ཚོགས་ཆུང་ཁག་དང་། གྲོང་ཁྱེར་དང་ས་ཁུལ་ཁག སྡེ་ཚན་ཁག་བཅས་ཀྱིས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་གཟིགས་གནས་ཚུལ་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་གཟིགས་ཚུར་ལན་གྱི་བརྙན་ལམ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། སྐོར་གཟིགས་དག་ཐེར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་པོ། བྱ་སྤྱོད་མྱུར་སྤེལ་དང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། དག་ཐེར་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན་པ་རེད།

ཚོགས་འདུའི་ཐོག དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་གཞུང་དོན་ཁང་དང་། ཆེད་དོན་དག་ཐེར་ཚོགས་ཆུང་ཁག གྲོང་ཁྱེར་དང་ས་ཁུལ་སྡེ་ཚན་ཁག་བཅས་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གནད་དོན་གྱི་གསལ་ཐོ་དང་དག་ཐེར་ཇུས་གཞི་ཞིབ་བསྡུར་གྱིས་དངོས་འཛིན་དངོས་སྒྲུབ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལས་ཀའི་སྤུས་ཚད་འགན་ལེན་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་ཡུན་ལྡོག་སྒྲིག་དང་འཕེལ་རིམ་མགྱོགས་སུ་བཏང་ནས་ཀྲུང་དབྱང་གི་སྐོར་གཟིགས་ཚུར་ལན་གནད་དོན་དུས་བཀག་ལྟར་སྤུས་ཚད་མཐོ་པོས་དག་ཐེར་དམིགས་སར་འཁྱོལ་བའི་འགན་ལེན་བྱེད་དགོས། གཙོ་གནད་འབུར་ཐོན་དང་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིགས་ཁག་གི་དག་ཐེར་གྱི་དོན་ཚན་གཞན་དག་དང་འབྲེལ་མཐུད་མཐའ་འཁྱོངས་བྱེད་པ། ལམ་ལུགས་དང་ལམ་སྲོལ་ནས་རྒྱུ་རྐྱེན་འཚོལ་བར་དོ་སྣང་བྱེད་པ། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་བྱ་སྤྱོད་དངོས་སྤེལ་བ་དང་ཕན་འབྲས་ཐོན་པར་བྱེད་པ། སྙིང་རུས་གཏན་འཁྱོངས་དང་འབད་བརྩོན་ལྷོད་མེད་བཅས་བྱས་ཏེ་གཞི་གཅིག་ཏུ་དག་ཐེར་དང་གཞི་གཅིག་ཏུ་དོན་འཁྱོལ་ཐུབ་པ་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཆེ་རུ་གཏོང་བ། འབྲེལ་ཡོད་ལས་དོན་ལ་དུས་ཐོག་ཏུ་ཞིབ་འཇུག་དང་དཀའ་ངལ་ཡོད་པའི་གནད་དོན་ཐག་གཅོད་བཅས་བྱས་ནས་སྐོར་གཟིགས་དག་ཐེར་གྱི་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྗེས་སྙེག་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། འཆར་གཞི་ཡོད་པ་དང་། གཙོ་གནད་ཡོད་པ། དམིགས་ས་ཡོད་པ་བཅས་ཀྱི་སྒོ་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བཅས་བྱས་ཏེ་ཚད་གཞི་དང་སྤུས་ཚད་མཐོ་པོས་དག་ཐེར་ལས་འགན་ལེགས་སྒྲུབ་ཡོང་བའི་བྱ་སྤྱོད་དངོས་དང་ལས་ཀའི་ཕན་འབྲས་ལ་བརྟེན་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་མངོན་པར་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།