《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月17日

ཧོ་ཝུན་ཧའོ་རང་ལྗོངས་ཀྱི“4·15”ཡི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་དང་བཅས་པ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་རང་ལྗོངས་ཀྱི“4·15”ཡི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོར་མཛུབ་ཁྲིད་གནང་བར་ཕེབས་ཤིང་། ཧོ་ཝུན་ཧའོ་ཡིས་བོད་བརྟན་ལྷིང་ཡོང་བ་ནི་རྒྱལ་ཁབ་བརྟན་ལྷིང་དང་འབྲེལ་བ་དང་། བོད་བདེ་འཇགས་ཡོང་བ་ནི་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བ་ཡོད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་རྣམ་བཤད་གལ་ཆེན་སྐོར་གྱི་དགོངས་དོན་གྱི་ནང་དོན་ལ་སློབ་སྦྱོང་དང་གོ་བ་མཐར་ཕྱིན་བླངས་ཏེ། ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་སྤེལ་རྒྱུ་འགན་ལེན་བྱས་ནས་སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་སྲིད་དབང་གི་བདེ་འཇགས་དང་ལམ་ལུགས་ཀྱི་བདེ་འཇགས་ཀྱིས་ལྟེ་བར་བྱེད་པའི་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་དགོས་ཞེས་གསུངས་པ་རེད།

ཧོ་ཝུན་ཧའོ་ཡིས་རྒྱལ་ཁབ་བདེ་འཇགས་ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ལྗོངས་ཡོངས་ཀྱི་ཚན་པ་ཁག་དང་སྤྱི་དམངས་ཡོངས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་ཞིག་འཛུགས་དགོས་པ་དང་། མི་རིགས་ཁག་གི་མང་ཚོགས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དམངས་ཡོངས་ཀྱིས་ཐུན་མོང་ཐོག་བདེ་འཇགས་སྲུང་ཡོལ་ཧུར་ཐག་གཏོད་པའི་རྣམ་པ་ཟབ་མོ་ཞིག་མུ་མཐུད་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)