《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月17日

ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་དབུལ་ སྒྲོལ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

—— ལྷ་རྩེ་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལས་དོན་སྐོར་བཀོད་པ།

ཉེ་བའི་ལོ་ཤས་རིང་། ལྷ་རྩེ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་དང་། འཕེལ་རྒྱས་ཀྱི་ལས་འགན། དམངས་འཚོའི་འདུ་འགོད་བཅས་ལ་བརྩིས་ཐོག“དབུལ་སྒྲོལ་ལ་དམིགས་ནས་ཏང་འཛུགས་སྐྱོང་དམ་འཛིན་བྱེད་པ་དང་ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱས་ཏེ་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི”ལས་ཀའི་བསམ་ཕྱོགས་གཞིར་བཟུང་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་བཏང་སྟེ། ཏང་རྩ་འཛུགས་ཀྱི་ལེགས་ཆ་དེ་དབུལ་སྐྱོར་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད།

འགན་འཁྲི་དོན་འཁྱོལ་བྱས་ནས“བཀོད་འདོམས་པུའུ”སྟོབས་ཆེར་བཏང་བ།

“རྫོང་ནང་གི་འགོ་ཁྲིད་ཀྱིས་གནས་གཏན་འཁེལ་གྱི་སྒོ་ནས་ང་ཚོའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱས་པས། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་མང་ཚོགས་ཕྱུག་འགྱུར་ཡོང་བར་བྱེད་པའི་བསམ་ཕྱོགས་སྔར་བས་ཁ་གསལ་དུ་ཕྱིན་པ་དང་གནད་དོན་ཐག་གཅོད་ཀྱི་འཇོན་ཐང་སྔར་བས་ཆེ་རུ་སོང་ཡོད”ཅེས་ལྷ་རྩེ་རྫོང་གཞིས་ཆེན་ཤང་ཤར་ལ་སུག་གྲོང་ཚོའི་ཏང་ཡོན་རྒན་གྲས་སྤེན་པ་ཚེ་རིང་གིས་གསར་འགོད་པར་བཤད།

“རིམ་པ་ལྔའི་ཧྲུའུ་ཅིས”དབུལ་སྐྱོར་ལས་དོན་དམ་འཛིན་བྱེད་པའི་འགན་འཁྲིའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། རྫོང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་དང་རྫོང་དཔོན་གྱིས་སྤྱི་ཁྱབ་བཀོད་འདོམས་པ་བྱེད་པའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། རྐང་འཛིན་སྟོབས་ཤུགས་སྐོང་འཐེན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དབུལ་སྐྱོར་ཆེད་དོན་ཚན་ཁག་15ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ། ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིས་མཉམ་དུ་འགན་འཁུར་བ་བཅས་བྱས་ནས། ཏང་འཛུགས་སྐྱོང་དམ་འཛིན་དང་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལས་དོན་མཉམ་དུ་བཀོད་སྒྲིག་དང་། མཉམ་དུ་དཔྱད་ཞིབ། མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

ཏང་རྩ་འཛུགས་བཅོས་སྒྲིག་བྱས་ནས“གདོང་ལེན་རུ་ཁག”གཏོད་པ།

ལྷ་རྩེ་རྫོང་བྱང་གོང་གྲོང་ཚོ་ནི་རྒྱལ་ལམ་318རྒྱུད་དུ་གནས་པའི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་པ་དང་། 2017ལོ་དང་2018ལོ་གཉིས་བསྟུད་མར་ལྷ་རྩེ་རྫོང་གིས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་བྱ་ཡུལ་དུ་གཏན་འཁེལ་བྱས་པ་རེད།

2018ལོར་ལྷ་རྩེ་རྫོང་གིས་ཕུལ་བྱུང་གི་ལས་བྱེད་པ་ཚེ་རིང་དར་རྒྱས་བྱང་གོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་དུ་བཅུག ལས་གནས་ཐོག་སླེབས་རྗེས་ཚེ་རིང་དར་རྒྱས་ཀྱིས་གནད་དོན་ལ་གཞིགས་ནས་ཡུལ་བབ་དང་མཐུན་པའི་བཅོས་སྒྲིག་ཇུས་གཞི་བཟོས་པ་དང་ཚད་གཞི་དང་ཡང་ཡང་བསྡུར་ནས་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་བཅོས་སྒྲིག་རིམ་སྤོར་ལ་སྐུལ་འདེད་བཏང་བ་རེད། དེ་དང་ཆབས་ཅིག་བྱང་གོང་གྲོང་ཚོའི་ཐོན་ལས་ཀྱི་འདེགས་སྐྱོར་མེད་པའི་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་ཆེད། བྱང་གོང་གྲོང་ཚོའི་ས་ཁམས་གནས་ཡུལ་གྱི་ལེགས་ཆར་བརྟེན་ནས་དར་རྒྱས་རླངས་འཁོར་སྐྱེལ་འདྲེན་ཀུང་སི་བཙུགས་པ་མ་ཟད། ཡུལ་སྐོར་ཕྱོགས་བསྡུས་ཀྱི་ཞབས་ཞུའི་ས་ཚིགས་ཀྱང་བཙུགས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱས་ཡོད།

ལྷ་རྩེ་རྫོང་གིས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་རྨང་གཞིའི་འགན་ལེན་ལ་བརྩིས་ནས་ཚན་ཁག་བཀོད་སྒྲིག་དང་། བཅོས་སྒྲིག་མཐོར་གཏོང་། ཞབས་ཞུ་འགན་ལེན་སོགས་ལ་ཤུགས་སྣོན་བརྒྱབ་ཡོད། དེ་དང་ཆབས་ཅིག་རིམ་རྩིས་བྱས་ན་ཕུལ་བྱུང་གི་ལས་བྱེད་པ་294གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་འགན་འཁུར་བར་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྩ་འཛུགས་དང་ཤེས་ལྡན་པའི་འགན་ལེན་མཁོ་འདོན་བྱས་ཏེ། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དེ་ཉིད་དབུལ་སྒྲོལ་འགག་སྒྲོལ་གྱི“གདོང་ལེན་རུ་ཁག”ཅིག་ཏུ་འགྱུར་བ་བྱས་ཡོད།

དཔེ་སྟོན་སྐུལ་ཁྲིད་བྱས་ནས“སྣེ་ཁྲིད་པ”ཡག་པོ་བྱས་པ།

བཀྲ་ཤིས་འཛོམས་ཤང་ནི་ལྷ་རྩེ་རྫོང་གི་ཞིང་ལས་གཙོ་བོར་བྱེད་པའི་ཤང་ཆེན་པོ་ཞིག་རེད། དུས་ཡུན་རིང་པོའི་ནང་ས་ཞིང་སྡེབ་གཅིག་ཏུ་མེད་པ་དང་། འཕྲུལ་ཆས་ཅན་གྱི་ཚད་གཞི་དམའ་བ། ཞིང་ལས་མི་འབོར་མང་དྲགས་པ་བཅས་ལས་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཕོག་ཡོད། 2013ལོར་བཀྲ་ཤིས་འཛོམས་ཤང་གི་ན་གཞོན་ཏང་ཡོན་ངག་དབང་གིས་མ་རྐང་ནང་ཞུགས་ཏེ་གཉེར་སྐྱོང་རྣམ་པའི་ཐོག་ནས་ཞིང་འཕྲུལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། 2017ལོར་བཀྲ་ཤིས་འཛོམས་ཤང་གི་སྲིད་འཛིན་གྲོང་ཚོ་6གི་ཏང་ཀྲི་པུའི་ཧྲུའུ་ཅིས་སྣེ་ཁྲིད་དེ་མཉམ་ལས་ཁང་ནང་ཞུགས་པ་དང་འབྲེལ་ཏང་ཚོགས་ཆུང་ཡང་བཙུགས་པ་རེད། 2020ལོར་བཀྲ་ཤིས་འཛོམས་ཤང་གི་ཞིང་འཕྲུལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཤང་ཡོངས་ལ་ཁྱབ་ནས“ཏང་ཚོགས་ཆུང་དང་། གྲོང་ཚོའི་ཀྲི་པུའུ། འཇོན་ཐང་ཅན། དབུལ་སྐྱོར་དུད་ཚང་བཅས་མཉམ་དུ་ཞུགས་པའི”དོ་དམ་བྱེད་སྟངས་སྤྱད་དེ་ཀྲི་པུའུ་ཐོན་ལས་འཁོར་འབྲེལ་ཐོག་བཙུགས་ཏེ། ཏང་ཡོན་ཐོན་ལས་འཁོར་འབྲེལ་ཐོག་འདུས་པ་དང་མང་ཚོགས་དབུལ་པོ་ཐོན་ལས་འཁོར་འབྲེལ་ཐོག་ཕྱུག་པོ་ཆགས་པར་བྱས་པ་རེད།

(པ་སངས་ཕན་ཐོགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)