《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月15日

ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཀྱི་དྲི་བ་དྲིས་ལན།

6 གོ་གུང་མཉམ་ལས་ཐེངས་དང་པོ།

ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག ཀྲུང་གུང་ཏང་ཡོན་གྱིས་མི་སྒེར་གྱི་མིང་ཐོག་ནས་གོ་མིན་ཏང་ལ་ཞུགས་པའི་བྱ་ཐབས་ལ་བརྟེན་ཏེ་གོ་གུང་མཉམ་ལས་མངོན་འགྱུར་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་། 1924ལོའི་ཟླ་དང་པོར་གོ་མིན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག་ཨུ་རུ་སུ་དང་མཉམ་འབྲེལ་དང་། གུང་ཁྲན་ཏང་དང་མཉམ་འབྲེལ། བཟོ་ཞིང་ལ་རོགས་སྐྱོར་བཅས་ཀྱི་སྲིད་ཇུས་ཆེན་པོ་གསུམ་གཏན་འཁེལ་བྱས་པ། གོ་མིན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་དེ་ཐོག་ནས་གོ་གུང་མཉམ་ལས་ཐེངས་དང་པོ་དངོས་སུ་བྱས་པ་མཚོན་ཡོད། (མུ་མཐུད་འགོད་རྒྱུ)