《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月15日

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་ངོ་སྤྲོད།

5 ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པའི་ངོ་སྤྲོད་མདོར་བསྡུས།

1927ལོའི་ཟླ་4པའི་ཚེས་27ནས་ཟླ་5པའི་ཚེས་9ཉིན་བར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་ཝུའུ་ཧན་དུ་འཚོགས་ཤིང་། ཚོགས་ཆེན་ལ་ཞུགས་མཁན་འཐུས་མིའི་གྲས་སུ་ཁྲེན་ཏུའུ་ཤིའུ་དང་། ཚའེ་ཧོ་སེན། ཆུས་ཆིའུ་པའེ། མའོ་ཙེ་ཏུང་། རེན་པི་ཧྲི། ལིའུ་ཧྲའོ་ཆི། ཏེང་ཀྲུང་ཞ། ཀྲང་གོ་ཐའོ་སོགས་མི་82ཡོད་པ་དང་། ཁོང་ཚོས་ཏང་ཡོན་57967གྱི་ཚབ་བྱས་ཡོད། གུང་ཁྲན་རྒྱལ་སྤྱིའི་འཐུས་མི་ལུའོ་དབྱི་དང་། པའོ་ལུའོ་ཐིང་། ཝེ་ཅིན་སི་ཅི་སོགས་ཚོགས་ཆེན་ལ་ཞུགས་ཡོད།

ཁྲེན་ཏུའུ་ཤིའུ་ཡིས་ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་སྐབས་བཞི་པའི་ཚབ་ཞུས་ཏེ་ཚོགས་ཆེན་ལ《ཆབ་སྲིད་དང་རྩ་འཛུགས་ཀྱི་སྙན་ཞུ》གནང་བ་དང་། གུང་ཁྲན་རྒྱལ་སྤྱིའི་འཐུས་མི་ཚོགས་པའི་ཚོགས་གཙོ་ལུའོ་དབྱི་ཡིས་འགོ་བརྗོད་དུ《ཀྲུང་གོའི་གསར་བརྗེའི་གནད་དོན་དང་འབྱོར་མེད་གྲལ་རིམ་གྱི་ནུས་པ》ཞེས་འཁོད་པའི་གཏམ་བཤད་གནང་བ་རེད། འཐུས་མི་ཚོས་ཁྲེན་ཏུའུ་ཤིའུ་ཡི་ནོར་འཁྲུལ་ལ་སྐྱོན་བརྗོད་བྱས་པ་རེད། ཚོགས་ཆེན་ཐོག《ཆབ་སྲིད་ཀྱི་དུས་བབ་དང་ཏང་གི་ལས་འགན་གྱི་གྲོས་གཞི་དང་གྲོས་ཆོད》དང《ས་ཆའི་གནད་དོན་གྱི་གྲོས་ཐག་གཅོད་པའི་གྲོས་གཞི》སོགས་ལ་གྲོས་འཆམ་བྱུང་ཡོད།

ཏང་གི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་ཁྲེན་ཏུའུ་ཤིའུ་ཡི་ནོར་འཁྲུལ་ལ་སྐྱོན་བརྗོད་བྱས་རུང་། འབྱོར་མེད་གྲལ་རིམ་གྱིས་འགོ་ཁྲིད་དབང་ཆ་ཇི་ལྟར་བརྩོན་ལེན་བྱེད་དགོས་པ་དང་། ཞིང་པའི་འགོ་ཁྲིད་དེ་ས་ཞིང་གསར་བརྗེ་ཇི་ལྟར་བྱེད་དགོས་པ། ཝུའུ་ཧན་གོ་མིན་སྲིད་གཞུང་དང་གོ་མིན་ཏང་ལ་ལྟ་སྟངས་ཇི་ལྟར་འཛིན་དགོས་པ། ལྷག་པར་དུ་ཏང་གི་གསར་བརྗེའི་དྲག་ཆས་ཇི་ལྟར་འཛུགས་དགོས་པ་སོགས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གལ་ཆེན་ཚང་མར་སྤྱོད་གོ་ཆོད་པའི་ལན་ཡག་པོ་འདེབས་ཐུབ་མེད་པས། ཤི་གསོན་ཆགས་འཇིག་ཇི་ཡོང་གི་འགག་རྩར་ཐུག་པའི་སྐབས་སུ་གསར་བརྗེ་ཆེན་པོ་སྐྱོབ་རྒྱུའི་ལས་འགན་ལྕི་པོ་འཁུར་ཐུབ་མེད། ཀྲུང་དབྱང་གི་གཡས་ལྷུང་སྐབས་འཚོལ་རིང་ལུགས་ཀྱི་ནོར་འཁྲུལ་དངོས་སུ་མཇུག་འགྲིལ་བ་དང་། ཡང་དག་པའི་ས་ཞིང་གསར་བརྗེ་དང་དྲག་པོའི་འོས་ལངས་ཀྱི་བྱེད་ཕྱོགས་གཏན་ལ་ཕབ་པ་ནི་ཟླ་3གྱི་རྗེས་ཀྱི་བརྒྱད་བདུན་གྲོས་ཚོགས་ཐོག་ཏུ་ལེགས་སྒྲུབ་བྱུང་བ་རེད།

(མུ་མཐུད་འགོད་རྒྱུ)