《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月15日

བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་སྐལ་བཟང་ཕུན་ཚོགས་ལ་སྒྲིག་ཁྲིམས་ཀྱི་ཞིབ་བཤེར་ལྟ་ཞིབ་བྱེད་བཞིན་པ།

བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་སྐལ་བཟང་ཕུན་ཚོགས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ལས་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཀྱི་ཞིབ་དཔྱད་དང་ལྟ་ཞིབ་ཀྱི་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

སྐལ་བཟང་ཕུན་ཚོགས་ཀྱི་ལོ་རྒྱུས་མདོར་བསྡུས།

སྐལ་བཟང་ཕུན་ཚོགས། ཕོ། བོད་རིགས། 1976ལོའི་ཟླ་12པར་སྐྱེས། བོད་ལྗོངས་འདམ་གཞུང་བ། 2000ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1996ལོའི་ཟླ་7པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།

1996ལོའི་ཟླ་7པ་ནས་1999ལོའི་ཟླ་4པ་བར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སློབ་གསོ་ལུས་རྩལ་ཅུས་སུ་ལས་ཀ་བྱས།

1999ལོའི་ཟླ་4པ་ནས་2001ལོའི་ཟླ་4པ་བར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བྱས།

2001ལོའི་ཟླ་4པ་ནས་2003ལོའི་ཟླ་10པ་བར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་བྱས།

2003ལོའི་ཟླ་10པ་ནས་2004ལོའི་ཟླ་9པ་བར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ(ཁོའོ་རིམ་པ་རྒན་པ)བྱས།

2004ལོའི་ཟླ་9པ་ནས་2005ལོའི་ཟླ་12པ་བར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་བྱས།

2005ལོའི་ཟླ་12པ་ནས་2009ལོའི་ཟླ་6པ་བར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཆུས་ཀྲང་གཞོན་པ་བྱས།

2009ལོའི་ཟླ་6པ་ནས་2009ལོའི་ཟླ་7པ་བར། ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་གི་འོས་མི་བྱས།

2009ལོའི་ཟླ་7པ་ནས་2009ལོའི་ཟླ་12པ་བར། ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་བྱས།

2009ལོའི་ཟླ་12པ་ནས་2010ལོའི་ཟླ་7པ་བར། ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་བྱས།

2010ལོའི་ཟླ་7པ་ནས་2012ལོའི་ཟླ་7པ་བར། ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། ཅུས་ཀྲང་། གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཅིག་ལྕོགས་བྱས།

2012ལོའི་ཟླ་7པ་ནས་2013ལོའི་ཟླ་11པ་བར། ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་དང་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་གཅིག་ལྕོགས་བྱས།

2013ལོའི་ཟླ་11པ་ནས་2015ལོའི་ཟླ་6པ་བར། ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་བྱས།

2015ལོའི་ཟླ་6པ་ནས་2015ལོའི་ཟླ་12པ་བར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྫོང་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། རྫོང་དཔོན་གྱི་འོས་མི། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་གཅིག་ལྕོགས་བྱས།

2015ལོའི་ཟླ་12པ་ནས་2016ལོའི་ཟླ་2པ་བར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྫོང་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། རྫོང་དཔོན་གྱི་འོས་མི་བཅས་བྱས།

2016ལོའི་ཟླ་2པ་ནས་2016ལོའི་ཟླ་8པ་བར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཆུས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ཆུས་ཀྲང་བཅས་བྱས།

2016ལོའི་ཟླ་8པ་ནས་2019ལོའི་ཟླ་11པ་བར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་ཧྲུའུ་ཅི་བྱས།

2019ལོའི་ཟླ་11པ་ནས་2021ལོའི་ཟླ་3པ་བར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་ཧྲུའུ་ཅི་དང་རིམ་པ་དང་པོའི་བརྟག་ཞིབ་པ་བྱས།

2021ལོའི་ཟླ་3པ་ནས་ད་བར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་རིམ་པ་དང་པོའི་བརྟག་ཞིབ་པ་བྱས།