《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月15日

ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་བཅའ་སྡོད་དང་མངགས་གཏོང་སྒྲིག་གཞིའི་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཟླ་4ཚེས་12ཉིན་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་བཅའ་སྡོད་དང་མངགས་གཏོང་སྒྲིག་གཞིའི་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་་ཝང་ཝུའེ་ཏུང་སློབ་འགོ་ཚུགས་པའི་འཛད་སྒོར་ཞུགས་ནས་གསུང་བཤད་གནང་བ་རེད།

ཝང་ཝུའེ་ཏུང་གིས། བཅའ་སྡོད་བྱས་པའི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་ཁག་གིས་དབང་ཆ་ཡོད་ཕྱིན་འགན་འཁྲི་འཁུར་དགོས་པ་དང་འགན་འཁྲི་འཁུར་ཕྱིན་ངེས་པར་དུ་ཐེག་པ་ཁུར་ལེན་མཐའ་འཁྱོངས་བྱས་ཏེ། འགོ་ཁྲིད་ཚན་ཁག་གིས་བྱེད་པོའི་འགན་འཁྲི་རང་རྟོགས་ངང་འཁུར་བ་དང་འགན་འཁུར་བ་གཙོ་བོས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ཏན་ཏིག་བསྒྲུབས་ནས། ལྟ་སྐུལ་ལ་ཤུགས་སྣོན་དང་གནས་ཚུལ་གལ་ཆེན་སྙན་སེང་ཞུ་བ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་དངོས་དང་དམ་འཛིན་ཡག་པོ་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་དམིགས་པ་དང་ལྟ་སྐུལ་བྱ་ཡུལ་ཚན་པའི་འགོ་ཁྲིད་ཚན་ཁག་དང་དེ་བཞིན་དེའི་ཁོངས་མི་དང་ཏང་ཙུའི(ཏང་ཨུད)དོ་དམ་ལས་བྱེད་པར་དམ་པོར་དམིགས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་བཅས་ཀྱི་ཐད་ལྷགས་པའི་གནད་དོན་ལ་གཙོ་གནད་ལྟ་སྐུལ་དང་སྙན་སེང་ཞུ་དགོས། སྙན་སེང་གི་བླང་བྱ་ནན་པོ་སྲུང་བ་དང་། སྙན་སེང་གི་བརྒྱུད་རིམ་ནན་དུ་གཏོང་བ། ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཞིབ་ཕྲ་ཅན་དང་། བརྒྱུད་རིམ་ཅན། ལམ་ལུགས་ཅན་བཅས་ཀྱི་འཆུན་འདོམས་ལམ་སྲོལ་ལ་བརྟེན་ནས་གནས་ཚུལ་གལ་ཆེན་གྱི་སྙན་སེང་དམིགས་སར་འབྱོར་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(བདེ་དབང་དང་ཚེ་སྒྲོལ་གྱིས་སྒྱུར་ཞུས་བྱས)