《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月13日

རང་རྒྱལ་གྱིས་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིན་མང་པོ་ཞིག་སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་རྩིས་ཞུའི་ནང་འཇུག་རྒྱུ་ཡིན་པ།

2021ལོའི་ཟླ་4ཚེས་7ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོཌ་འདུའི་ཐོག་སྨན་བཅོས་སྒྱུར་བཅོས་ཟབ་གཏོང་ཐད་བཀོད་སྒྲིག་བྱས་དོན།

ཚོགས་འདུའི་ཐོག་བཏོན་དོན།

བདེ་ཐང་ལ་གནོད་ཚབས་ཆེ་བ་དང་སྨན་རིན་གྱི་ཁུར་པོ་ལྕི་བའི་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་། དམིགས་བསལ་གྱི་ནད་གཞི། ཐོན་མང་བའི་ནད་གཞི། རྒྱུན་མཐོང་ནད་གཞི་བཅས་ཀྱི་སྒོ་བསྟེན་སྨན་བཅོས་དཀྱུས་མའི་སྨན་རིན་ནས་ཆ་ཤས་ཤིག་སྤྱི་འདོམས་ཐེབས་རྩའི་གཏོང་སྤྲོད་ནང་རིམ་བཞིན་འཇུག་རྒྱུ་དང་།

སྲིད་ཇུས་ཁྱབ་ཁོངས་ནས་གཏོང་སྤྲོད་བྱེད་པའི་བསྡུར་གྲངས་དེ་50%ནས་འགོ་བརྩི་རྒྱུ་དང་།

རྒན་ཡོལ་ཞུས་པའི་མི་སྣར་ཕྱོགས་ནས་འགན་སྲུང་གི་ཆུ་ཚད་རིམ་བཞིན་མཐོ་རུ་འོས་འཚམ་གཏོང་རྒྱུ་ཡིན་པ།

ཚོགས་འདུའི་ཐོག་ཁ་གསལ་བཟོས་དོན།

མི་སྒེར་གྱི་རྩིས་ཁྲར་འཇུག་ཐབས་ལེགས་སུ་གཏོང་རྒྱུ།

ལས་ཐོག་ལས་བཟོའི་སྒེར་གྱི་འགྲོ་གྲོན་སྔར་བཞིན་མི་སྒེར་གྱི་རྩིས་ཁྲར་འཇུག་རྒྱུ་དང་ཚན་པའི་འགྲོ་གྲོན་ཚང་མ་སྤྱི་འདོམས་ཀྱི་ཐེབས་རྩར་འཇུག་རྒྱུ་ཡིན་པ།

རྒན་ཡོལ་ཞུས་པའི་མི་སྣའི་སྒེར་གྱི་རྩིས་ཁྲ་སྤྱི་འདོམས་ཐེབས་རྩས་བཅད་གྲངས་བཞིན་གཏོང་རྒྱུ་དང་གཏོང་ཚད་སྤྱི་འདོམས་ས་ཁུལ་གྱིས་སྒྱུར་བཅོས་འདི་ལག་བསྟར་བྱས་པའི་ལོ་འདི་གའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆ་སྙོམས་ཆུ་ཚད་ཀྱི་2%ཙམ་དུ་རིམ་བཞིན་ལེགས་སྒྲིག་བྱེད་རྒྱུ་ཡིན་པ།

ཚོགས་འདུའི་ཐོག་བཏོན་དོན།

མི་སྒེར་གྱི་རྩིས་ཁྲའི་བེད་སྤྱོད་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་ཡིན་པ།

ནང་མི་ཕན་ཚུན་མཉམ་དུ་སྤྱོད་ཆོག་ཅིང་། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་པ་དང་དེ་བཞིན་གནས་གཏན་འཁེལ་གྱི་སིལ་ཚོང་སྨན་ཁང་ནས་སྨན་རྫས་དང་། སྨན་བཅོས་ཡོ་བྱད། སྨན་བཅོས་རྒྱུ་ཆ་སོགས་ཉོས་པའི་འགྲོ་གྲོན་མི་སྒེར་གྱི་གྲོན་དངུལ་ནས་སྤྱད་ཆོག་པ།

ནང་མི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པ་སོགས་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཐད་སྤྱོད་ཆོག་མིན་འཚོལ་ཞིབ་བྱེད་རྒྱུ་ཡིན་པ།